ཝུའུ་དབྱིང་ཅེ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕུད་འདུག

健康   2024-12-21 21:53   四川  

    ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུ་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
    བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་དབྱིང་ཅེའི་ཕུགས་བསམ་དང་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ཡོད་པ། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ། རང་སྣང་གང་ཤར་གྱིས་ལས་གྲྭའི་རྣམ་གྲངས་ལ་ཐེ་ཇུས་དང་ཉེར་ཕྱོགས་ལ་ཁེ་ཕན་དོན་གཉེར་བཅས་བྱས་པས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་ནུས་མི་འདང་བ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མཆེད་པར་མཐུན་རྐྱེན་སྐྲུན་པ། ཆབ་སྲིད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་དང་། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་། རྩ་འཛུགས་ཀྱི་གཏམ་གླེང་དང་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། ལག་རྟགས་དང་འབུལ་རྟེན་བླངས་པ། ལས་གནས་ཀྱི་དབང་ཆ་སྤྱད་དེ་གཉེན་ཉེར་དམིགས་བསལ་གྱི་ཁེ་ཕན་དོན་གཉེར་བྱེད་པ། སྒྲིག་འགལ་ངང་སྒྲིག་བསྟར་ཁྲིམས་སྒྱུར་ལ་ཐེ་ཇུས་བྱས་པ། ཁྱིམ་སྲོལ་ཡག་པོ་མེད་པ་དང་ཁྱིམ་མིར་དོ་དམ་དང་སློབ་གསོ་མི་འདང་བ། སྤྱི་དོན་དབང་ཆ་སྒེར་དོན་སྒྲུབ་པའི་ལག་ཆར་བརྩིས་ཏེ་ལས་གནས་ཀྱི་སྟབས་བདེ་སྤྱད་ནས་མི་གཞན་ལ་ལས་གྲྭ་འགན་གཙང་སྤྲད་པ་སོགས་ཀྱི་ཐད་ནས་ཁེ་ཕན་རག་ཐབས་བྱས་པ་མ་ཟད་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད།
    ཝུའུ་དབྱིང་ཅེས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མ་སྐུམ་པས། ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་མཐར་ཐག་གཅོད་ནན་པོ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགདང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམསསོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་སྙན་སེང་ཞུས་པ་བརྒྱུད། ཝུའུ་དབྱིང་ཅེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་། འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུ་ཡིན་པ་རེད།


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章