འཛམ་གླིང་ཨེ་ཛི་ཉིན་མོའི་བྱེད་སྒོ་དང་མཁན་ཆེན་མཆོག་གི་གསུང་གསར།

健康   2024-12-03 07:50   中国  

འཛམ་གླིང་ཨེ་ཛི་ཉིན་མོའི་བྱེད་སྒོ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་གསར།

མི་ལོ་བཅུ་གཉིས་ཀྱི་རིང་ལ་ཨེ་འགོག་གི་ལས་ཀ་བསྒྲུབས་པར་གྲུབ་འབྲས་བཟང་པོ་ཐོབ་པ་འདི། དགའ་འོས་པ་དང་། སྤྲོ་འོས་པ། སྤོབས་པ་རྒྱས་འོས་པ་ཞིག་རེད།

 མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས།


ལོ་བཅུ་གཉིས་ནི་ཆོས་འཇིག་རྟེན་གང་ལ་འབད་རུང་། ཆེས་མ་ནོར་བའི་དུས་བཟང་ཡིན་པས། ཁྱེད་རྣམ་པ་ལོ་བཅུ་གཉིས་ལ་དགེ་ལས་སུ་ཞུགས་པ་ནི་ཆེས་རིན་ཐང་དང་ལྡན་པ་ཞིག་རེད།  

 མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས།


ཨེ་འགོག་གི་བྱ་བ་ནི་ཤི་བོའི་ཆོས་དང་གསོན་པོའི་སྨན་དང་འདྲ་བས། ནད་པ་མང་པོ་ཞིག་གི་སྐྱབས་དང་སྐྱོབ་པ་རུ་གྱུར་བ་ནི་མི་འཇིགས་སྐྱབས་སྦྱིན་གྱི་ལས་ཡིན་པས། རང་གི་བསོད་ནམས་ཡིན་ལ་ལམ་མ་ནོར་བའང་ཡིན། 

 མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས།

མངོན་བུད་ཨེ་ཛིའི་ནད་དུག་ཅན་ཨ་གཡང་། 

འཇོ་མདའ་དཔལ་འབྱོར་དང་ཨ་གཡང་སོགས་ཀྱིས་མངོན་འབུད་བྱས་པས། མང་ཚོགས་མང་པོ་ཞིག་གི་འཕྲོད་བསྟེན་གྱི་འདུ་ཤེས་གོང་མཐོར་བཏང་ཡོད་ལ། ནད་པ་མང་པོ་ཞིག་ལ་གཞན་ལས་ལྷག་པའི་ནུས་པ་ཐོན་ཡོད།

 མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས།

ཁྱེད་རྣམ་པ་ལོ་རེ་ནས་རེ་བཞིན་ཆེད་ལས་རང་བཞིན་དང་། དེང་རབས་རང་བཞིན། སྲོལ་མཐུན་རང་བཞིན་དུ་འགྱུར་བཞིན་འདུག་པས། ཡིད་ཆེས་དང་དགའ་གུས་བྱེད་འོས་པ་ཞིག་རེད། 

ཚེ་བྷོ་ཐིང་ཀྲང་མཆོག་ནས།

མང་ཚོགས་ཀྱི་ནང་དུ་ཕྱིན་ནས་ཤེས་བྱ་དྲིལ་སྒྲོག་བྱེད་སྐབས། བློ་རྒྱ་བསྐྱེད་ནས་ཇི་ལྟར་བྱས་ན་མང་ཚོགས་ཀྱིས་དང་ལེན་ཐོབ་པ་དང་། ཇི་ལྟར་བྱས་ན་ཁོང་ཚོས་གོ་བ་ལོན་པ་སོགས་ཀྱི་ཐད་དུ། གསར་གཏོད་རང་བཞིན་གྱི་བྱེད་ཐབས་སྤྱད་པས་འདིར་ང་ཚོས་ཀྱང་སློབ་སྦྱོང་བྱ་འོས་པ་ཞིག་རེད། 

ཚེ་བྷོ་ཐིང་ཀྲང་མཆོག་ནས།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章