ལོ་རེའི་ཕྱི་ཟླ12.11 ནི་མཁན་ཆེན་དམ་པ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུའི་འཁྲུངས་སྐར་ཡིན་ཞིང་། ད་ལོར་བོད་རྩིས་ཀྱི་བོད་ཟླ་བཅུ་པའི་ཚེས་བཅུ་གཅིག་ལ་ཁེལ་ཡོད། དུས་ཚོད་དམིགས་བསལ་བ་དེར་ཐོན་ལ་ཉེ་བས་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཕྱིར་དུ་དབང་སྡུད་གསོལ་འདེབས་ཀྱི་དགེ་བསྐུལ་གལ་ཆེན་ཞིག་བྱེད་རྒྱུ་ཡིན་པས་ཁོང་ལ་དད་འདུན་ཡོད་པ་རྣམས་ཀྱི་གཙོས་རྣམ་པ་ཚང་མས་དབང་སྡུད་གསོལ་འདེབས་ཅི་ནུས་རེ་བཏོན་ནས་འོག་གི་རེའུ་མིག་ནང་དུ་འགོད་རོགས་ཞུ།
མཁན་ཆེན་བླ་མའི་སྐུའི་ཞབས་རིམ་ལ་བཏོན་པའི་དབང་སྡུད་གསོལ་འདེབས་རྣམས་ཟླ་བ་གཅིག་གི་རྗེས་སུ་ཕྱོགས་བསྡོམས་བྱས་ཏེ་དབང་སྡུད་གསོལ་འདེབས་དུང་བརྒྱའི་དགེ་བསྔོའི་གྲལ་དུ་འགྲོ་ངེས་བྱེད་ཡོང་།
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།།
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།།
འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།།
བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།།