ལོ་རེའི་ཕྱི་ཟླ12.11 ནི་མཁན་ཆེན་དམ་པ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུའི་འཁྲུངས་སྐར་ཡིན་ཞིང་། ད་ལོར་བོད་རྩིས་ཀྱི་བོད་ཟླ་བཅུ་པའི་ཚེས་བཅུ་གཅིག་ལ་ཁེལ་ཡོད། དུས་ཚོད་དམིགས་བསལ་བ་དེར་ཐོན་ལ་ཉེ་བས་མཁན་ཆེན་དམ་པ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཕྱིར་དུ་ཚེ་བསྙེན་གྱི་དགེ་བསྐུལ་གལ་ཆེན་ཞིག་བྱེད་རྒྱུ་ཡིན་པས་ཁོང་ལ་དད་འདུན་ཡོད་པ་རྣམས་ཀྱི་གཙོས་རྣམ་པ་ཚང་མས་ཚེ་བསྙེན་ཅི་ནུས་རེ་བཏོན་ནས་འོག་གི་རེའུ་མིག་ནང་དུ་འགོད་རོགས་ཞུ།