འོ་ན་དུས་ཁྲིམས་བླངས་པས་གཏན་ཁྲིམས་གཏོང་བར་མི་འགྱུར་རམ་སྙམ་ན། རྒྱལ་དབང་ལྔ་པའི་ལས་ཆོག་རྣམ་རྒྱལ་གསེར་མདོག་ལས། ཐེག་ཆེན་གྱི་སྡོམ་པ་ཤེས་པའི་སྟེང་ནས་འཇོག་པས་ཉན་ཐོས་གཟུགས་ཅན་གྱི་སྡོམ་པ་དགག་གཏོང་གཉིས་བྱུང་དོགས་མི་དགོས་ཞེས་གསུངས་པ་ལྟར་དང་། གཏན་ཁྲིམས་གཏོང་འདོད་མེད་ན་དུས་ཁྲིམས་བླངས་པས་མི་གཏོང་ངོ་། །
༢༽ སྨྱུང་གནས་སྦྱོར་བའི་ཉི་མའི་གུང་དང་གདན་གཅིག་གི་ཉིན་གུང་བཟར་མི་རུང་བའི་ཟས་ཀྱི་རིགས། ཤ་ཆང་། སྒོག་ཙོང་། ལ་ཕུག ལྷ་ལ་ཕུལ་བའི་ལྷག་མ། ལག་པ་མ་བཀྲུས་པར་གཡོས་བྱས་པའི་ཁ་ཟས་སོགས་དྲི་མས་སྦགས་པ། ཏིལ། སྲན་མ། རང་གཞན་གྱི་ཟས་ལྷག་སོགས་བཟར་མི་རུང་བར་རྒྱུད་དང་སྨྱུང་ཆོག་དུ་མར་ཞལ་མཐུན་པར་གསུངས་སོ། ། མ་ཟད་ཟྭ་༼ཨ་ཡས་ཙྭ༽དང་ལ་དུ་ཡང་བཟར་མི་རུང་བར་གཞུང་འགར་གསུངས་སོ།།བྱ་སྒོང་ཡང་བཟར་མི་རུང་སྟེ། བྱ་ཕྲུག་ཅན་གྱི་སྒོ་ང་ཟོས་ན་སྲོག་ལ་གནོད་པ་དང་། ཟན་སྒོང་ཡང་མི་གཙང་བས་སོ། །
༤༽ སྨྱུང་གནས་ཆ་མཐུད་ནས་སྡོད་ཚེ་ཆ་རེ་རེའི་མཚམས་སུ་ཐོར་ཐིག་འཐུང་དགོས་སམ་མི་དགོས་དང་། དགོས་ན་ཇི་ལྟར་འཐུང་སྙམ་ན།
ཤཱཀྱའི་དགེ་སློང་རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུའི་སྨྱུང་གནས་ཀྱི་ཆོ་ག་གཞན་ཕན་སྙིང་པོ་ལས། ཆ་རེ་སོང་བའི་ཐོ་རེངས་རྣམས་སུ་དཀར་ཐིག་རེ་འཐུང་། ཞེས་ལུས་ལ་གནས་པའི་སྲིན་འབུ་གསོ་ཆེ་ཆེད་ཆ་རེའི་མཚམས་སུ་ཐོར་ཐིག་བཏུང་དགོས་པར་གསུངས་སོ།།
ནུབ་མོ་ཉི་མ་ནུབ་པའི་རྗེས་ཀྱི་ནུབ་མཐའི་འོད་དམར་པོ་མ་ཡལ་བའི་སྔོན་ཙམ་དུ་ལེན་དགོས་ཏེ། འོད་དམར་པོ་དེ་ཡལ་བའི་ཕྱི་ལོགས་ཀྱི་སྐད་ཅིག་མ་དེ་མཚན་མོའི་དང་པོ་ཡིན་པར་འདུལ་གཞུང་རྣམས་ལས་གསུངས་པས་སོ།།
ཞེས་བོད་ཤིང་འབྲུག་ལོའི་བོད་ཟླ་དགུ་པའི་ཚེས་སུམ་ཅུ་ལ་གསེར་ཐང་བླ་རུང་རང་སྤྱིལ་དུ་རིག་དར་གྱིས་སྨྱུང་གནས་པ་རྣམས་ལ་ཕན་དུ་རེ་ནས་བྲིས།