སྤྱི་ཟླ་12ཚེས་1ཉིན་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཙུགས་པའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་ཡིན་ཞིང་། འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་འཆར་འགོད་ཧྲུའུ་ཡིས་སྤྱི་ཟླ་11ཚེས་26ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། སྤྱི་ལོ་2023ལོར་གོ་ལ་ཧྲིལ་པོའི་མི་ཁྲི་63ཨེ་ཙི་འགོས་ནད་དང་འབྲེལ་བ་ཡོད་པའི་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་། ཨེ་ཙིའི་ནད་དུག་འགོས་མཁན་ཁྲི་130ཙམ་གསར་དུ་འཕར་ཡོད་པ་རེད།
སྙན་ཞུའི་ནང་། འཛམ་གླིང་ཡོངས་སུ་ད་ལྟ་མི་ཁྲི་3990ལ་ཨེ་ཙི་ནད་དུག་འགོས་ཡོད་པ་དེ་སྤྱི་ལོ་2022ལོ་ལས་མི་ཁྲི་90མང་དུ་ཕྱིན་པ་དང་། དེའི་ནང་ད་དུང་མི་ཁྲི་930ལ་སྨན་བཅོས་བྱེད་ཐབས་བྲལ་བ་མངོན་ཡོད། སྙན་ཞུའི་ནང་། སྤྱི་ལོ་2023ལོར་ཆ་སྙོམས་ཉིན་རེར་ལོ་15ནས་24བར་གྱི་བུད་མེད་570ལ་ཨེ་ཙིའི་ནད་དུག་འགོས་ཀྱི་ཡོད་ཅེས་བརྗོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་འཆར་འགོད་ཧྲུའུ་ཡི་དཔོན་རིགས་ཀྱིས། བུད་མེད་ཀྱི་སློབ་གསོ་མྱོང་བའི་དབང་ཆ་འཕྲོག་པ་དང་ཕོ་མོའི་དྲག་ཤུགས་རྒྱ་ཡན་དུ་བཏང་བ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཀྱིས་ཨེ་ནད་ཀྱི་སྨན་བཅོས་ཞབས་ཞུར་འགོག་རྐྱེན་བཟོས་ཡོད་པ་མ་ཟད། ནད་དུག་མཆེད་དུ་བཅུག་ཡོད་ཅེས་བརྗོད་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། ཚེ་རྡོར།
原文来源:央视新闻
审稿:达瓦次仁
编译:才多
制作:娜科