མཚོ་བྱང་གིས་ཏང་གི་སློབ་གྲྭའི་མནའ་འབྲེལ་བྱ་བའི་རྣམ་པ་གྲུབ་པར་བྱས།

政务   2024-12-19 16:52   青海  
མཚོ་བྱང་གིས་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའི་མནའ་འབྲེལ་བྱ་བའི་རྣམ་པ་གྲུབ་པར་བྱས།
ཉེ་ཆར། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན། མཚོ་བྱང་ཁུལ་གྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཉམས་ཞིབ་བྱ་བ་འཕེལ་རྒྱས་སུ་གཏོང་བ་ཟུང་འབྲེལ་དམ་པོ་བྱས་ནས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའི་མནའ་འབྲེལ་བྱ་བའི་རྣམ་པ་གྲུབ་པར་བྱས་ཤིང་། ས་གནས་ཀྱི་ཏང་གི་སློབ་གྲྭའི་ཁྱད་ལྡན་སློབ་སྒྲུབ་ཀྱི་ཐབས་ལམ་གསར་བར་ཞུགས།
མཚོ་བྱང་ཁུལ་ཨུས་རྫོང་སོ་སོའི་ཏང་ཨུ་དང་མཉམ་འབྲེལ་བྱས་ནས་ཏང་གི་སློབ་གྲྭ་སྒྲུབ་པ་དང་ཏང་གི་སློབ་གྲྭར་དོ་དམ་བྱེད་པ། ཏང་གི་སློབ་གྲྭ་འཛུགས་པའི་གཙོ་གཞིའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་སློབ་གྲྭའི་བྱ་བར་མཉམ་འཛིན་མཉམ་སྡོམ་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས། མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་མགོ་ཁྲིད་དེ་ཁུལ་ཨུའི་ཏང་གི་སློབ་གྲྭ་རྩ་བར་འཛིན་པ་དང་། རྫོང་བཞིའི་ཏང་གི་སློབ་གྲྭ་དང་གསོ་སྦྱོང་ལྟེ་གནས་སོ་སོ་གཞོགས་འདེགས་སུ་བྱས་པའི་གསར་བརྗེའི་ཉམས་ཞིབ་གཡུལ་ས་བཙུགས་པ་དང་། གཅིག་སྡུད་སྒོས་ཁུལ་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ153བདམས་ནས་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཀྱི་དགེ་རྒན་མཛོད་བཙུགས། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭསཏང་གི་གཞུང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོ། ནུས་པ་གསོ་སྦྱོང་། མདེལ་གཉིས་སྐར་གཅིགགི་སྙིང་སྟོབས་རྒྱུན་འཛིན་བྱེད་པགཙོར་བྱས་པའི་སློབ་ཁྲིད་མ་ལག་ཆེན་པོ་བཞི་བཙུགས་པ་དང་། ཆེད་དོན་སློབ་ཁྲིད96བཙུགས་པར་མ་ཟད། རྫོང་རིམ་པའི་ཏང་གི་སློབ་གྲྭ་དང་མཉམ་དུ་ཁུལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་བྱ་ཡུལ31ནས་ཡུལ་དངོས་སློབ་ཁྲིད་བྱས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭས་ཚན་རིག་ཞིབ་འཇུག་གི་ལས་གཞི་དང་སློབ་ཁྲིད་གསར་བའི་གསར་སྤེལ་དཔུང་སྡེ་བཙུགས་ནས། སློབ་ཁྲིད་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་མཉམ་འབྲེལ། ཤེས་ལྡན་མི་སྣའི་སྐྱེད་སྲིང་མཉམ་སྐུལ་གྱི་མཉམ་འཛུགས་མནའ་འབྲེལ་གྲུབ་པར་བྱས།
མཚོ་བྱང་ཏང་གི་སློབ་གྲྭའི་མ་ལག་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་གསར་བརྗེའི་ཉམས་ཞིབ་ཀྱི་ལམ་བུ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཤིང་། གཞི་རྩའི་གསོ་སྦྱོང་གི་སྣེ་ཁྲིད་གསར་བ་དང་སྒོ་འབྱེད་སློབ་སྒྲུབ་ཀྱི་སྒུལ་ནུས་གསར་བའི་བྱ་བའི་རྣམ་པ་ཕྱོགས་ཡོངས་ནས་གྲུབ་པར་བྱས། ད་ལོའི་ཚུན། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭས་རིམ་རྩིས་བྱས་ན་བསྡོམས་པས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བ། ལས་རིགས་མི་འདྲ་བ་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས332བསྒྲུབས་པ་དང་། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཁྲི1.8ལ་སླེབས་ཡོད། གཞི་རྩའི་གསོ་སྦྱོང་དང་སྒོ་འབྱེད་སློབ་སྒྲུབ་ཀྱི་འཛིན་གྲྭ་སྒྲུབ་ཚད་སོ་སོར་དུས་ཐེངས40དང77ལ་སླེབས་པ་དང་། རྫོང་བཞིའི་ཏང་གི་སློབ་གྲྭའི་གཞི་རྩའི་གསོ་སྦྱོང་དུས་ཐེངས82དང་སྒོ་འབྱེད་སློབ་གྲྭའི་འཛིན་གྲྭ་དུས་ཐེངས133བསྒྲུབས་ལ། ཁུལ་དང་རྫོང་གིས་མཉམ་འབྲེལ་ཐོག་གསོ་སྦྱོང་དུས་ཐེངས44བསྒྲུབས་ཏེ།    མཚོ་བྱང་གིས་ཞིང་ཆེན་ཕྱི་ནང་ལ་ཁ་ཕྱོགས་པའི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་སྤེལ་བ་དང་གསར་བརྗེའི་ཉམས་ཞིབ་མཉམ་བསྲེས་མཉམ་སྐུལ་བྱེད་པའི་གསར་བརྗེའི་ཆས་རྟགས་གྲུབ་པར་བྱས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/青海新闻网  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章