མ་འོངས་པའི་ཉིན་གསུམ་རིང་གི་གནམ་གཤིས་སྔོན་བརྡ། སྔོན་དཔག་བྱས་པ་ལྟར་ན་དོ་དགོང་མདའ་བཞི་དང་འཇུ་ལག་ལ་ཁ་ཐོར་རང་བཞིན་གྱི་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་ཞིང་། ས་ཁུལ་གཞན་དག་ལ་གནམ་རུབ་རྒྱུ་རེད། ཚེས19ཉིན། ཁུལ་ཡོངས་ལ་གནམ་ཐང་རྒྱུ་ཡིན་ཞིང་། མདའ་བཞི་དང་རྐང་ཚར་རིམ་པ5ནས6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད། ཚེས20དང་ཚེས21ཉིན་ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད། དུས་མགོར་ཁངས་བབས་པ་དང་དྲོད་ཚད་དམའ་བའི་ཤུགས་རྐྱེན་འོག་ས་བབ་མཐོ་བའི་ལམ་དུམ་གྱི་བགྲོད་ལམ་ཐོག་མུ་མཐུད་དར་ཆགས་ནས་བགྲོད་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་འགྲོ་འོང་བྱེད་པའི་རླངས་འཁོར་དལ་མོར་བསྐྱོད་དགོས། སང་ཉིན་ནུབ་མཚོ་གྲོང་རྡལ་ལ་གནམ་ཐང་རྒྱུ་ཡིན་ཞིང་། དྲོད་ཚད-18~-2℃རེད།
སྨོན་ལམ་མཐོན་པོར་གནམ་ཐང་རྒྱུ་ཡིན་ཞིང་། དྲོད་ཚད-20~-9℃ཡིན་ལ། རླུང་ཤུགས་རིམ་པ5~6རེད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系