རྒྱ་གར་གྱི་རྒྱ་ཨར་དགེ་རྟགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིག་གིས་ཚན་རིག་གི་ལམ་ནས་ཤིང་སྡོང་གཅིག་ལ་ལྡན་པའི་རིན་ཐང་ཞིབ་རྩིས་བྱས་པ་ལྟར་ན། ལོ་ལྔ་བཅུ་ལོན་པའི་ཤིང་སྡོང་ཆེ་ཆུང་འབྲིང་ཙམ་ཞིག་ལ་གཤམ་གསལ་གྱི་རིན་ཐང་ལྡན་ཡོད།
༡.དབྱང་དབུགས་ཐོན་སྐྱེད་བྱས་པའི་རིན་ཐང་ཨ་སྒོར31250
༢.མཁའ་དབུགས་རྫོབ་སྐྱུར་སྔོན་འགོག་བྱས་པའི་རིན་ཐང་ཨ་སྒོར62500
༣.ས་ཆུ་སྲུང་སྐྱོབ་བྱས་པའི་རིན་ཐང་ཨ་སྒོར37500
༤.ས་བཅུད་ཤོར་བ་སྔོན་འགོག་བྱས་པའི་རིན་ཐང་ཨ་སྒོར31250
༥.ཕྱུགས་ཟོག་ལ་རླུང་གཡོལ་ཆར་སྐྱོབ་དང་བྱ་ཚང་བཟོ་བའི་ཆ་རྐྱེན་བསྐྲུན་པའི་རིན་ཐང་ཨ་སྒོར31250
༦.སྤྲི་དཀར་བཟོ་སྐྲུན་བྱས་པའི་རིན་ཐང་ཨ་སྒོར1500བཅས་ཁྱོན་སྡོམ་ཨ་སྒོར196250ལྡན་ཡོད་ཅིང་། ཀྲུང་གོའི་སྒོར་མོར་བརྩིས་ན་ས་ཡ་གཅིག་ལྷག་གི་རིན་ཐང་ལྡན་ཡོད་ཅིང་། དེའི་ནང་བཟོ་ལས་འཕྲུལ་ཆས་ལས་བྱུང་བའི་འཛེར་སྒྲ་སེལ་བའི་རིན་ཐང་སོགས་ཚུད་མེད་དོ།།