མ་ཅིག་ལབ་ཀྱི་སྒྲོན་མའི་ཞལ་གདམས།

乐活   2025-01-20 21:17   四川  

མ་ཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས།
བདག་འཛིན་དང་བཅས་པས་དགེ་བ་ལོ་བརྒྱ་བསྒྲུབ་པ་ལས།
བདག་མེད་ཀྱི་གནས་ལུག་དར་གཅིག་བསྒོམ་པ་གལ་ཆེ།
མཁས་འདོད་གྲགས་འདོད་ཀྱི་བཤད་སྒྲུབ་དང་སློབ་གཉེར་ལོ་བརྒྱ་བྱས་པ་བས།
རང་ནམ་འཆི་བསམ་པའི་སྙམ་པའི་རྟོག་པ་སྐད་ཅིག་ངོས་ཟིན་པ་གལ་ཆེ
མཁས་བཙུན་བཟང་གསུམ་དང་ཁེ་གྲགས་འདོད་ཀྱི་ཕྱིར་དང་ཆོས་སྤྱོད་དགེ་སྦྱོར་ལོ་བརྒྱ་བསྒྲུབ་པ་བས།
དམན་ས་བཟུང་ཞིང་དགེ་བ་བྱེད་པ་དང་སེམས་ཅན་ལ་བསྔོ་བ་དར་ཅིག་བྱེད་པ་གལ་ཆེ།
དེ་རྣམས་ནི་སྤྲོང་མོ་ང་ཡི་ཆོས་ལུག་ཡིན་གསུང་།


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章