བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་དང་གསོལ་འདེབས་སྐོར།

乐活   2025-01-13 08:31   四川  


ཉིས་སྟོང་གསུམ་ལོའི་ལྷ་བབས་དུས་ཆེན་སྐབས༧ཆོས་་རྗེ་དམ་པ་བླ་མ་ཡིད་་བཞིན་ནོར་བུས་སྐུ་ཚེའི་ནང་ཆེས་མཐའ་མཇུག་གི་བདེ་ཆེན་ཞིང་སྒྲུབ་སྐབས་མི་སྐྱ་ཕོ་མོ་གཙོར་བྱས་པའི་འཁོར་འདུས་པ་རྣམས་ལ་བཀའ་སློབ་བསྩལ་པ།

༧ཆོས་་རྗེ་དམ་པ་ཡིད་་བཞིན་ནོར་བུ།


དམ་ཚིག་བཀོད་པའི་རྒྱུད་ལས།

མཚན་དང་དཔེ་བྱད་ལྡན་པའི་ལྷ། །

བསྐལ་བ་འབུམ་དུ་བསྒོམ་པ་བས། །

བླ་མ་སྐད་ཅིག་དྲན་པ་མཆོག །

བསྙེན་སྒྲུབ་བཟླས་པ་ས་ཡ་བས། །

བླ་མའི་གསོལ་འདེབས་ལན་གཅིག་མཆོག །

ཅེས་གསུང་པ་ལྟར། ལྷ་གཞན་བསྐལ་བ་མང་དུ་བསྒོམ་ཞིང་བསྙེན་སྒྲུབ་མང་དུ་བཟླས་པ་ལས་རང་ཉིད་ཀྱི་རྩ་བའི་བླ་མ་སྐད་ཅིག་དྲན་ཞིང་གསོལ་འདེབས་ལན་གཅིག་བཏོན་ན་ཕན་ཡོན་དེ་ཡི་ཆེ་བར་མདོ་རྒྱུད་མང་པོ་ལས་གསུང་པས་རང་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རྒྱལ་བའི་ལུང་ཟིན་གྱི་སྐྱེས་བུ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་ཞུས་ན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གི་བླ་རྣམ་དང་གསོལ་འདེབས་ཀྱི་སྒྲ་འདི་ཡང་ཟ་ཉལ་འགྲོ་འདུག་གི་སྐབས་ལ་གཏོང་བ་དང་ཉན་པ་ཙམ་མ་ཡིན་པར་ཉིན་རེར་བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་དང་འདུན་པ་ཟབ་མོས་སྐར་ཆ་གཅིག་ཙམ་ལ་བླ་མའི་རྣམ་འབྱོར་གྱི་ཐུན་བཅད་དེ་རྒྱུན་གྱི་ཉམས་ལེན་བྱེད་རྒྱུ་གལ་ཆེའོ། །


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章