༄༅།།འཇིགས་སྐྱོབ་ལྷ་ལྔའི་གསོལ་འདེབས།
༼ ༡ ༽
སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ།བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །
༼༢ ༽
སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན།།
བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད།
བཻ་ཌཱུརྱ་སྣང་ཞིང་གི་དཔལ་གྱུར་བ།།
སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ།།
ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།བཻ་ཌཱུརྱ་ཡི་འོད་ལ་ཕྱགས་འཚལ་ལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ།
དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་གྲོལ་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་ནི། །རྟག་ཏུ་འབྱུང་བ་མེད་པར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །
༼༣ ༽
༄༅།།ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།
འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།།
མཐུན་རྐྱེན་བསམ་པ་འགྲུབ་པ་དང་།།
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།།
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་བདག་ཉིད། དྲིན་ཆེན་མཚོ་སྐྱེས་རྡོ་རྗེ་སྙིང་ནས་གསོལ་བ་འདེབས་སོ་རྟག་ཏུ་དབྱེར་མེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས་ཤིག
ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཨྱོན་བྱེ་བ་ཕྲག་བརྒྱར་གསོལ་བ་འདེབས།།བར་ཆད་བྱེ་བ་ཕྲག་བརྒྱ་མྱུར་ཏུ་ཞི།།བསམ་པ་བྱེ་བ་ཕྲག་བརྒྱ་ལྷུན་གྱིས་གྲུབ།།འགྲོ་དོན་བྱེ་བ་ཕྲག་བརྒྱ་འགྲུབ་པར་ཤོག །
༼༤༽
༄༅།།ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །
སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །
གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆུའོ།།
ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
སྐྱེ་ཞིང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །
འབྲལ་བ་མེད་པར་འགྲོ་དྲུག་དོན་གྱི་ཕྱིར། །
ཞུམ་པ་མེད་པར་འགྲོ་བའི་དོན་བྱེད་ཤོག །
༼༥ ༽
༄༅།། ཨོཾ་འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །
བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །
ངན་སོང་སྒོ་འགག་མ་ལ་ཕྱག་འཚལ་ལོ། །
མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །
རྟག་ཏུ་ཁྱེད་ཀྱིས་བསྲུང་བར་བྱས། །
ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་དཔལ་ཇོ་བོ་རྗེས་མཛད་པའོ། །
ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ནཿམ་ཏཱ་རེ་ན་མོ་ཧ་རེ་ཧཱུྂ་ཧ་རེ་སྭཱ་ཧཱ།
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།འཇུ་མི་ཕམ་གསུང་།
སྒྲོལ་མ་བྱེ་བ་ཕྲག་བརྒྱར་གསོལ་བ་འདེབས།།འཇིགས་བརྒྱད་བྱེ་བ་ཕྲག་བརྒྱ་མྱུར་དུ་ཞི།།བསམ་པ་བྱེ་བ་ཕྲག་བརྒྱ་ལྷུན་གྱིས་གྲུབ།།འགྲོ་དོན་བྱེ་བ་ཕྲག་བརྒྱ་འགྲུབ་པར་ཤོག ། བླ་མ་རྗེ་བཙུམ་སྒྲོལ་མའི་ལྷ་ཚོགས་ལ།།ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱིས།།བྱ་བ་གང་བསྩམ་ཡིད་ལ་སྨོན་པ་ལྟར།།ལྷུན་གྱིས་གྲུབ་པའི་རླུང་རྟའི་དངོས་གྲུབ་སྩོལ།། ༈ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །