ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ་བཞུགས་སོ། །
阿底峡尊者供灯愿文
ཨེ་མ་ཧོ།
哎玛吙!
ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །
嗡擦玛雄囊萨准美德 稀奇稀有光明灯
བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །
嘎让桑吉东匝拉所波 贤劫千尊佛陀等
རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །
冉绛效吉样康玛利波 浩瀚十方无余刹
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །
喇嘛耶丹宽卓秋炯当 师尊空行及护法
དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །
金括拉措南拉钵瓦杰 坛城尊众前供养
ཕ་མའི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །
帕咪作虚森坚坛加杰 父母为主诸有情
ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །
才囸德当洁内坛加德 愿今生及世世中
རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །
作桑吉波样康温通内 亲睹圆满佛净土
འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག།།
奥华美衮涅当耶美效 无别怙主无量光
དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས། །
衮窍僧当匝僧拉措基 依于三宝三根本
བདེན་པའི་མཐུ་ཡིས་སྨོན་ལམ་ཅི་བཏབ་ཏེ། །
定波特义门蓝结达得 尊众谛实之威力
མྱུར་དུ་འགྲུབ་པར་བྱིན་གྱིས་རླབས་དུ་གསོལ། །
涅德哲巴辛基拉德所 发愿速成祈加持
ཏདྱཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ།
达雅塔 班赞哲雅阿哇波达呢娑哈
ཨཱོཾ་ཨཱཿ ཧཱུྃཿ 嗡啊吽