࿐ དེ་རིང་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ནི་འཇམ་མགོན་བླ་མ་ཀུན་དགའ་རྒྱལ་མཚན་མཆོག་མྱ་ངན་ལས་འདས་ནས་ལོ་འཁོར་མོ་བདུན་བརྒྱ་བདུན་ཅུ་དོན་གསུམ་ལོན་པའི་འདས་མཆོད་ཀྱི་རྗེས་དྲན་ཉིན་མོ་ཡིན་པས་ཀུན་གྱིས་མགོན་པོ་མཆོག་ལ་གསོལ་འདེབས་དང་མ་མཐའ་དེ་རིང་ཉིན་གཅིག་ཏུ་རྣམ་དཀར་དགེ་བའི་ལས་ལ་འཇུག་པར་ཞུ། དེ་ནི་མགོན་པོ་གང་ལའང་དོན་གྱི་རྗེས་དྲན་བྱས་པ་ལགས་སོ།།