སྤྲུལ་སྐུ་ཞེས་པའི་ཡིག་འབྲུ་གཉིས་ལ་རྨོངས་དད་མ་བྱེད། 慈诚罗珠堪布

乐活   2025-01-16 20:05   四川  



སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་འགྱུར་བ་གཏོང་དགོས།

认证转世活佛的制度,能取消就好了

——མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས།

ད་ལྟ་རང་གིས་རང་ཉིད་སྤྲུལ་སྐུ་ཡིན་ཟེར་མཁན་འགའ་ཞིག་གིས་རྒྱ་ཡུལ་དུ་མགོ་གཡོག་མགོ་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་གྱིན་པ་ནི་ཤིན་ཏུ་ཡིད་སྐྱོ་བའི་གནས་ཤིག་སྟེ། འདི་ལྟར་བསམ་ན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་མེད་ན་བཟང་གི རྗེས་སོར་འདི་འདྲའི་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས།

如今有些自称活佛的人在汉地进行各式各样的欺骗活动,真的让人痛心。这样看来,还不如没有认证转世活佛的制度,这样的制度以后能取消就好了。

སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཡོད་ཚད་བསླབ་གསུམ་ཡོན་ཏན་གྱི་མཐོ་དམན་ལྟར་བསྐོ་བཞག་བྱེད་པ་ལས། སུ་ཞིག་སྤྲུལ་སྐུའི་ཡང་སྲིད་དུ་གསུངས་མྱོང་མེད། ད་ལྟའི་ཁྲི་འདོན་མཛད་སྒོ་སོགས་ཀྱི་གོམས་སྲོལ་འདི་ནི་སྔོན་སངས་རྒྱས་ཀྱི་དུས་སུ་གཏན་ནས་མེད།

佛陀在世时完全是依据三学功德高低进行选举,没有说谁是转世活佛,然后就(举行座床仪式)等等....这个习惯过去佛陀在世时根本没有。

གལ་ཏེ་འགྱུར་བ་གཏོང་ཐུབ་ན། དེ་རིང་ནས་བཟུང་འདི་སྤྲུལ་སྐུ་རེད། གན་ཡང་སྤྲུལ་སྐུ་རེད་ཅེས་པ་སོགས་ཀྱི་བཤད་སྲོལ་འདི་འདྲ་མི་གནང་རྒྱུའི་རེ་བ་ཡིན་ལ། བསླབ་གསུམ་གྱི་ཡོན་ཏན་དང་ཐོས་བསམ་སྒོམ་པའི་ཤེས་རབ་སུ་བཟང་། སུ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡོད། ཉམས་ལེན་གྱི་རིམ་པ་སུ་མཐོ། འགན་འཛིན་པའམ་དགོན་བདག་ལ་སུ་བསྐོས་ན་འོས་འཚམས་ཡིན་མིན་ལ་ལྟ་དགོས་སོ།།

如果有可能的话,希望今后不要有这个是活佛,那个又是活佛这样那样的说法,应该是谁的三学功德圆满,谁的闻思修的智慧高,谁具有慈悲菩提心,谁的修心境界高,谁就可以做住持或寺管法主。 

གལ་ཏེ་སྤྲུལ་སྐུ་ངོས་འཛིན་མཛད་ན་ཆོས་རྗེ་ཡིད་བཞིན་ནོར་བུ་ལྟ་བུ་ཞིག་གིས་ངོས་འཛིན་མཛད་དགོས་ཀྱང་། ཀུན་ཀྱིས་ཤེས་གསལ་ལྟར་བླ་མ་ཡིད་བཞིན་ནོར་བུས་སྐུ་ཚེ་གང་བོར་སྤྲུལ་སྐུ་གཅིག་ཀྱང་ངོས་འཛིན་མཛད་མྱོང་མེད། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། ཁོང་གིས་སྤྲུལ་སྐུ་ངོས་འཛིན་མ་གནང་བ་འདི་ལ་དོན་གྱི་དགོངས་པ་ཟབ་མོ་ཞིག་ངེས་པར་འདུག དོན་ལའང་གལ་སྲིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་བ་ཞིག་ཡིན་ན་ངོས་འཛིན་མ་མཛད་ཀྱང་སེམས་ཅན་ཀྱི་དོན་མཛད་ངེས་པ་ཡིན་ནོ།།

如果一个大德认转生活佛,那应该是法王如意宝认证的活佛,可是大家都清楚,法王如意宝一生没有认证过一个转世活佛,在现在看来法王没有认转生活佛一定是有深刻密义在内的。其实也是,如果是佛菩萨的转生,那不认证也会去度化众生的。

ཉེ་ལམ་སྤྲུལ་སྐུ་ཞིག་གི་དུས་ཚོད་དང་ཁ་པར་ས་གནས་ག་གེ་མོ་ཞིག་ཏུ་བོར་སྟོར་བྱུང་བ་ན། ཁོའི་དུས་ཚོད་དང་ཁ་པར་ཧ་ཅང་རིན་གོང་མཐོན་པོ་ཡིན་པས་སྐྱིན་ཚབ་སྤྲོད་དགོས་ཚུལ་སོགས་ངོ་ཚ་ཁྲེལ་མེད་ཀྱི་ཟིང་ཆ་སྣ་ཚོགས་བསླངས་འདུག མི་སྐྱ་ཕལ་བ་ཞིག་གིས་ཀྱང་འདི་འདྲ་བྱེད་མི་སྲིད།

最近有个别活佛的手表和手机在某些场所里丢失了,说自己的表和手机多么名贵,要求赔偿等等,闹得非常丢人,一个普通的在家人都不会这样的。

ད་ལྟ་དགོན་པ་འགའི་དགོན་བདག་ལ་རིག་གནས་གང་ཡང་མེད་པ་གསལ་བོ་ཡིན་པ་མ་ཟད་རང་ལ་སྤྱོད་ངན་སྣ་དགུ་འཛོམས་ཀྱང་། ད་དུང་གཞན་སྤྲུལ་སྐུ་རུ་ངོས་འཛིན་བྱེད་པའི་མི་འདི་དག་གིས་བྱ་བ་སྒྲུབ་སྟངས་འདི་ནི་ནང་བསྟན་ལ་གཏན་ནས་བསམ་བློ་མ་བཏང་བ་ཡིན།

现在有些寺庙的主持,明明知道这个人根本没有文化,并且无恶不作,却还被认证了转世活佛,这些人,这样的做法根本没有考虑正法。

ཅིའི་ཕྱིར་འདི་འདྲ་བྱེད་པ་ཡིན། རྒྱུ་རྐྱེན་ག་རེ་ཡིན་ནམ་ཞེ་ན། ཡོད་ཚད་འདོད་རྔམས་དྲགས་པོ་ལས་བྱུང་ཞིང་། འདི་འདྲའི་བྱ་སྤྱོད་ངན་པས་ནང་ཆོས་ལ་དད་པ་ཡོད་པའི་དགེ་བསྙེན་རྣམས་ཀྱི་རྒྱུད་ལ་དབང་མེད་དུ་ཐེ་ཚོམ་དང་ལྟ་ཚུལ་ངན་པ་སྐྱེ་བཞིན་འདུག ༼སློབ་མ་དག་གིས།༽ཁོ་ཚོའི་སྐྱོན་ལ་མཛུབ་མོ་བཙུགས་པའི་ཚེ། ༼རྒྱ་བླ་༽མང་པོ་ཞིག་གིས་འདི་འདྲའི་སློབ་མ་ནི་བསྟན་བཤིག་མཁན་དང་ལོག་ལྟ་ཅན་ཡིན་ཟེར། འོན་ཀྱང་སློབ་མ་དེ་རྣམས་ཀྱིས་བཤད་པ་དེ་གནས་ལུགས་དང་ལྡན་པ་ཡིན།

为什么会这样呢?原因何在?完全是过度的贪婪引起的。这样的行为使得一些对佛法持有正信的在家弟子,忍不住会产生看法和疑惑,指出他们的缺点时,很多人却说这些在家弟子在破坏佛法、持有邪见,但这些在家弟子说的是有道理的。

གང་འདྲ་ཞིག་ལ་བསྟན་བཤིག་དང་ལོག་ལྟ་ཅན་ཟེར་བ་ཡིན་སྙམ་ན། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་ཅིང་། ལུང་དང་རྟོགས་པའི་བསྟན་པ་ལ་གཏོར་བཤིག་གཏོང་མཁན་ལ་ལོག་ལྟ་ཅན་ཟེར་བ་ཡིན། ད་ལྟ་རྒྱ་ཡུལ་དུ་གྲྭ་བ་མ་ཟད། ཇོ་མོ་འགའ་ཞིག་གིས་ཀྱང་རང་གིས་རང་ཉིད་ལ་སྤྲུལ་སྐུ་དང་། མཁའ་འགྲོ་མ། སྒྲོལ་མ་སོགས་མིང་སྣ་ཚོགས་ཤིག་བཏགས་ཏེ་རྒྱུ་ནོར་སློང་དུ་ཕྱིན་འདུག

什么是破坏佛法?什么是邪见者?就是不信因果不信轮回并破坏教证二法的人是邪见者。现在汉地不要说僧人,连有些觉姆也自称是转生活佛、空行母、度母等等,挂着这样那样的名号去化缘。

གལ་ཏེ་ཁྱོད་ལ་སྒོར་མོ་ཅུང་ཙམ་ཡོད་ན་སྤྲུལ་སྐུའི་དཔང་ཡིག་ཅིག་བཟོ་རྒྱུ་ནི་ཧ་ཅང་ལས་སླ་བོ་ཞིག་ཡིན། སྤྲུལ་སྐུའི་དཔང་ཡིག་ལོན་ཚར་རྗེས་དགོན་པ་ཞིག་གི་དགོན་བདག་གི་ལག་ནས་ཐམ་ཀ་ཞིག་བརྒྱབ། དེ་ནས་དཔང་ཡིག་དེ་ཁྱེར་ནས་རྒྱ་ཡུལ་ལ་ཕྱིན་ཏེ་མགོ་སྐོར་གཏོང་བའི་འདི་འདྲའི་སྤྱོད་པ་ཅན་ཅུང་ཙམ་མང་པོ་འདུག

如果你有些钱,办个活佛证是很容易的事,当活佛证拿到后,再去某些寺庙的主持那里去弄个寺庙的印章,然后拿去汉地欺骗,这样的行为较多。

གལ་ཏེ་མཚན་སྙན་ཅན་གྱི་བླ་མ་ཞིག་འདས་གྲོངས་སུ་ཕྱིན་ན། ཁོང་གི་ཡང་སྲིད་ནི་ཆེས་ཉུང་ན་ཡང་གསུམ་བཞི་ཞིག་ཡོད་ལ། ད་ལྟ་དབེན་གནས་འགའ་ཞིག་ཏུ་བླ་མ་རྒན་པ་རེ་འདས་ཚར་རྗེས། གལ་ཏེ་གཞན་ཞིག་དེའི་སྤྲུལ་སྐུ་རུ་ངོས་འཛིན་མཛད་མེད་ན། རང་གིས་རང་ཉིད་བླ་མ་དེའི་སྤྲུལ་སྐུ་ཡིན་ཟེར་མཁན་འདུག འདི་འདྲ་ཡོད་ཚད་མི་སྒེར་གྱི་ནོར་འཁྲུལ་ཡིན།

如果一个著名的上师圆寂的话,他的转世最少有三四个,现在有些偏僻地方的老喇嘛圆寂后,如若没有人认证,就自己冒充认证那个老喇嘛,这些事都是个别人的过错行为。

ལོ་རྒྱུས་ཀྱི་ཐད་ནས་བཤད་ནའང་། དགོན་པ་འགའི་དགོན་བདག་གིས་གྲྭ་བ་སྐོར་ཞིག་ཁྲིད་ནས་དམག་འཐབ་བྱེད་དུ་སོང་བ་སོགས་སྤྱོད་ངན་སྣ་ཚོགས་ཤིག་བྱས་མྱོང་། འོན་ཀྱང་འདི་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནོར་འཁྲུལ་དང་བོད་བརྒྱུད་ནང་བསྟན་གྱི་ནོར་འཁྲུལ་གཏན་ནས་མིན། འདི་ནི་མི་སྒེར་གྱིས་ནང་ཆོས་ལ་ཉམས་ལེན་གྱིས་མ་འདངས་བ་དང་། འཁོར་བར་ཆགས་སྡང་ཆེ་དྲགས་པའི་རྐྱེན་ཡིན་ནོ།།

从历史的角度来讲,也有寺庙的主持带着一大批僧侣去交战等不好的行为,但这些并不是释迦牟尼教法的过错和藏传佛教的过错,这完全是个人对佛法的修行不够,佛法没有相印自己的心,对世间的爱恨太大了的缘故。 

ཞན་ཆ་ནི་ཞན་ཆ་རང་ཡིན་པས། བཤད་ནས་སྐྱོན་ཉིད་དུ་ངོས་ཟིན་དགོས། སྐྱོན་བརྗོད་ན་སྐྱོན་ངོས་ཟིན་པར་འགྱུར་ལ། གལ་ཏེ་སྐྱོན་ལ་སྐྱོན་དུ་ངོས་ཟིན་ན་དེ་ཡར་རྒྱས་ཡིན། སར་འགྱེལ་བ་ན་ཡང་བསྐྱར་གྱེན་དུ་འགྲེང་དགོས་པ་ཇི་བཞིན། རང་ལ་ནོར་འཕྱུགས་བྱུང་ན་རང་ཉིད་ཀྱིས་བསྒྱུར་བཅོས་བྱེད་དགོས།

缺点就是缺点,要说出来并要认识错误,说出缺点就认识到了缺点,如果认识到了错误那就有进步了,好比摔倒在地,再从地上爬起一样,自己有过错自己去改。

ད་ལྟའི་ནོར་འཁྲུལ་ཆེས་ཆེ་ཤོས་ནི་རང་གིས་རང་ཉིད་སྤྲུལ་སྐུ་ཡིན་ཟེར་མཁན་དག་གིས་འདུལ་ཁྲིམས་དང་དམ་ཚིག་གང་ཡང་མི་སྲུང་བ་དང་། ད་དུང་གང་སར་ཉུལ་ནས་སེམས་ཅན་ལ་མགོ་གཡོག་མགོ་སྐོར་གཏོང་བ་འདི་ཡིན། གལ་ཏེ་གཞན་ལ་མགོ་སྐོར་གཏོང་མཁན་དེ་མི་སྐྱ་ཏག་ཏག་་ཡིན་ན། ནང་བསྟན་ལ་འདི་འདྲའི་གནོད་སྐྱོན་ཆེན་པོ་འབྱུང་མི་སྲིད།

如今最大的错误是这些自称活佛的人不守持任何戒律及三昧耶,并到处欺骗众生,反过来如果仅仅是一个在家人在欺骗人,对佛法并不会有太大的影响的。

ད་ལྟའི་དུས་རབས་འདིར་ནང་ཆོས་ལ་དགག་པ་གཏོང་མཁན་དང་། ནང་ཆོས་ལ་སྐུར་འདེབས་བྱེད་མཁན། བོད་བརྒྱུད་ནང་བསྟན་ལ་སྐུར་བ་འདེབས་མཁན་སོགས་མི་འདྲ་མིན་སྣ་ཚོགས་ཡོད་པས། རང་ཉིད་ཀྱི་ལུས་ངག་གི་སྤྱོད་པ་ལ་བདག་རྒྱག་རྒྱུ་ཤིན་ཏུ་གལ་ཆེ་ཞིང་ཧ་ཅང་དོགས་གཟབ་བྱ་དགོས། ང་ཚོས་ནང་བསྟན་ལ་སྐུར་བ་འདེབས་པའི་མི་འདི་དག་ལ་མཐོང་ཆུང་གཏན་ནས་བྱེད་མི་རིགས་ཤིང་། མི་འདི་དག་ལ་རྒྱུས་ལོན་ཡོད་དགོས། ཁོ་ཚོས་ཉིན་གཅིག་ཙམ་ལའང་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དང་ཞིབ་འཇུག་ཡག་པོ་ཞིག་བྱེད་མྱོང་མེད། དེའི་ཕྱིར་ཆོས་ཀྱི་གནས་ལུགས་མི་ཤེས་པས་ནང་ཆོས་ལ་སྐུར་བ་འདེབས་པ་ཡིན། གལ་ཏེ་མི་འདི་དག་གིས་དང་ལེན་བྱེད་ན་བྱམས་དང་སྙིང་རྗེའི་སྒོ་ནས་ཁོ་ཚོ་ལ་ནང་ཆོས་ཀྱི་གནས་ལུགས་འགྲེལ་བཤད་ཡག་པོ་བྱེད་དགོས་སོ།།

当前这个时代,驳斥佛法的,诽谤佛法的,诽谤藏传佛教的人,什么人都有,所以自己言行举止十分重要,要小心翼翼,当然我们绝对不可以歧视这些诽谤佛教的人,要理解这些人,他们一天都没有好好闻思修行或者研究佛学,就是因为不懂佛理,所以诽谤佛法, 如果这些人愿意接受,那就应该慈悲的好好讲解佛理给他们。


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章