➤ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས“ཁུལ་གསུམ་དང་ལྟེ་བ་གཅིག”འཛུགས་སྐྲུན་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧའེ་ནན་ལེའུ་རྩོམ་དགོས་ཞེས་ནན་བཤད་གནང་།
➤བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱི་རྒྱུ་ཆ་གསར་པའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་ལས10%ཡན་འཕར། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི8ལས་བརྒལ་རྒྱུ་དང་། རྒྱུ་ཆ་གསར་པའི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད།
➤ཚེས17ཉིན་ནས་བཟུང་ཀྲུང་གོས་རྒྱལ་མཚམས་སྒྲོལ་བར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཁྱོན་ཡོངས་ནས་ཇེ་རྒྱས་སུ་བཏང་བ་དང་། རྒྱལ་མཚམས་སྒྲོལ་བར་ཐོངས་མཆན་འགོད་མི་དགོས་པའི་ཕྱི་རྒྱལ་བ་མངའ་ཁོངས་སུ་སྡོད་ཆོག་པའི་དུས་ཚོད་ཆུ་ཚོད240བར་རིང་དུ་བཏང་།
➤ཧྲན་ཏུང་མ་གྲུ(航母)བཟོ་སྐྲུན་བྱས་ནས་ལོ5སོང་བ་དང་། སྒྲིག་ཆས་གསར་པ་མང་པོ་ཞིག་བཟོ་སྐྲུན་བྱས་པས་དམག་འཐབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།
➤ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ཐེངས41པའི་སྐམ་སའི་དབུས་ཁུལ་རུ་ཁག་ལམ་ལ་ཆས། རུ་མི25རི་བོ་ཐའེ་ཧྲན་འབས་ཚུགས་དང་། ཁུ་ནུ་འབས་ཚུགས། ཀེ་ལུའོ་ཕུའུ་རི་བོ་བཅས་སུ་འབྲེལ་ཡོད་ཚན་རིག་རྟོག་ཞིབ་བྱེད་པར་བསྐྱོད།
➤ ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་ལམ་སྟེགས་བུའི་ཐོག་ཀྲུང་གོར་གནས་སྐོར་དུ་སོང་བའི་སྐོར་གྱི་པར་རིས་དང་བརྙན་ལམ་ལ་དགའ་བསུ་ཆེན་པོ་ཐོབ། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་མུ་མཐུད་དུ་པར་རིས་དེ་དག་དྲ་ཐོག་ཏུ་བསྐུར་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་སྨྲས།
➤ཨུ་རུ་སུའི་འགོག་སྲུང་གསུམ་དཔུང་སྡེའི་སི་ལིང་ཅི་ལི་ལུའོ་ཕུའུ་ལ་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་ཤོར། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་ཏུ་གཏན་འཁེལ་བྱས་ཡོད།
སྤྱི་ཚོགས།
➤རིག་གནས་གནས་སྐོར་པུས“དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར·གངས་འཁྱགས་ཀྱི་ལྕགས་རི་རིང་པོ”དང་། “མཛེས་སྡུག་ལྡན་པའི་ལུང་ཅང་། གངས་འཁྱགས་ལུས་རྩལ།”“ཧུའུ་པེའི་རང་སྒྲ། ལྷོ་ཕྱོགས་ཀྱི་གངས་འཁྱགས”སོགས་རྒྱལ་ཡོངས་ཀྱི་གངས་འཁྱགས་གནས་སྐོར་གྱི་ལམ་ཐིག་རྩེ་གྲ12ཁྱབ་བསྒྲགས་བྱས།
➤2025ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་མེ་འཁོར་སྤ་སེ་དེ་རིང་ནས་བཟུང་དངོས་སུ་བཙོང་མགོ་བརྩམ་རྒྱུ་རེད།
➤ཞིབ་དཔྱོད་ལས་ཁུངས་ཀྱིས་ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཧུའུ་ཆང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།
➤ཡུན་ནན་ཞིང་ཨུའི་དེ་སྔའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་གཞོན་པ་ལི་ཧྲེ་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།
➤ ཧའར་པིན་གྱི་དྲ་ཐོག་ཏུ་དགའ་བསུ་ཐོབ་བཞིན་པའི་ཁངས་མི་སུང་ཧྭ་གཙང་པོའི་ངོགས་སུ་ཕྱིར་མངོན་པ།
➤བོད་ལྗོངས་དུ་ད་ལོར5Gསྦྲེལ་ཚུགས7035གསར་སྣོན་བྱས་ཤིང་། སྲིད་འཛིན་གྲོང་ཚོ70%ཡན་ལ5Gདྲ་རྒྱ་ཤར་གཏོང་ཐུབ་ཡོད་ཅིང་། འཕྲིན་གཏོང་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད།
➤རང་རྒྱལ་གྱི་ཕྱི་རྒྱལ་ཚོང་པའི་མ་དངུལ་ཁེར་འཇོག་གི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཐོག་མ་སྟེ། ཕོང་རུའེ་ལི་ཕྱོགས་བསྡུས་སྨན་ཁང་(ཐེན་ཅིན་ཕོང་རུའེ་ལི་སྨན་ཁང)ལ་ལས་གཉེར་ཆོག་འཐུས་ལག་ཁྱེར་ཐོབ།
སྲིད་ཇུས།
➤པེ་ཅིང་གིས་བསམ་འཆར་བསྡུ་ལེན་བྱས་ཏེ། མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྤེལ་བ་སོགས་ཀྱི་སྐབས་སུ་ཡུལ་དངོས་སུ་རྒྱལ་དར་བེད་སྤྱོད་བྱེད་པར། གཙོ་གཉེར་ཕྱོགས་ཀྱིས་སྒོར་འབུད་སའམ་ཡང་ན་མངོན་གསལ་དོད་སར་རྒྱལ་དར་བསྡུ་ལེན་བྱེད་ས་འཛུགས་དགོས་པའི་གཏན་འབེབས་བྱ་རྩིས་ཡོད།
➤ཅང་སུའུ་ཡིས་ལག་བསྟར་ཇུས་གཞི་བཏོན་ནས་མ་འོངས་པའི་ལོ5ཡི་ནང་། གཞིས་ཆགས་ཚོད་འཛིན་ཁྱོན་ཡོངས་ནས་ཇེ་ལེགས་ཇེ་རྒྱས་སུ་གཏང་རྒྱུ་དང་། རྒྱུན་སྡོད་བྱ་ཡུལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལམ་ལུགས་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། “གྲོང་མི་གསར་པའི”བདེ་སྡོད་ལ་སྐུལ་འདེད་གཏོང་རྒྱུ་རེད།
➤ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་བརྡ་ཐོ་བཏང་སྟེ། འགྲན་བསྡུར་བྱེད་སྒོ་གཉེར་མཁན་ཚན་པས་སློབ་མའི་ཁྱིམ་བདག་གི་ལག་ནས་འགྲོ་གྲོན་བསྡུས་་ཏེ་འགྲན་སྡུར་ནམ་ཡང་ན་རྒྱུགས་ལེན་བྱེད་སྒོ་སྤེལ་མི་ཆོག་པ་ཁ་གསལ་བཏོན།
དེ་རིང་གི་གནམ་གཤིས།
➤ཞིན་ཅང་གི་ཐེན་ཧྲན་རི་བོའི་བྱང་རྒྱུད་དང་། ཞིན་ཅང་གི་ལྷོ་རྒྱུད་རི་ཁུལ། མཚོ་སྔོན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཉིང་ཞའི་དབུས་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ཤར་རྒྱུད། ཧྲའན་ཞི་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད། ཧྲན་ཏུང་ཕྱེད་གླིང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་འམ་ཁངས་མ་ཆར་འབབ་རྒྱུ་རེད། སི་ཁྲོན་གཤོང་ས་དང་ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系