ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པའི་རྣམ་པ་རེད།
ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། ཁོང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། གསར་གཏོད་དང་ཚད་བརྒལ་བྱེད་ཕོད་པ། དཔུང་སྡེའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དམག་དཔུང་སྟོབས་ལྡན་ཞིག་བསྐྲུན་ནས། རང་རེའི་དམག་དཔུང་གི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཆ་འཕྲིན་རོགས་སྐྱོར་དམག་དཔུང་ནི་དམག་སྣ་ལེགས་སྒྲིག་དང་བཅོས་སྒྱུར་ཁྲོད་གསར་དུ་བཙུགས་པའི་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་ཡིན་པ་དང་། ཞི་ཅིན་ཕིང་གིས་ད་ལོའི་ཟླ4པར་སྐུ་དངོས་སུ་ཆ་འཕྲིན་རོགས་སྐྱོར་དམག་དཔུང་ལ་དམག་དར་སྤྲད་པར་མ་ཟད་བཀའ་སློབ་ཀྱང་གནང་།
སྔ་དྲོའི་ཆུ་ཚོད10སྟེང་དུ། ཞི་ཅིན་ཕིང་ཆ་འཕྲིན་རོགས་སྐྱོར་དམག་དཔུང་ལས་ཁུངས་སུ་ཕེབས་ནས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།
ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་ཕྱག་འཇུ་གནང་བཞིན་པའི་རྣམ་པ་རེད།
དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་བྱ་བའི་སྙན་ཞུར་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་མྱུར་དུ་འཕེལ་རྒྱས་འབྱུང་བཞིན་པ་དང་། དམག་འཁྲུག་གི་རྣམ་པར་མྱུར་དུ་འགྱུར་ལྡོག་བྱུང་ནས། དེང་རབས་དམག་འཁྲུག་ཁྲོད་ཀྱི་དྲ་རྒྱའི་ཆ་འཕྲིན་མ་ལག་གི་གནས་བབ་དང་ནུས་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད། ཆ་འཕྲིན་རོགས་སྐྱོར་དམག་དཔུང་ནི་འཐབ་འཛིང་རུ་ཁག་ཅིག་ཡིན་པས། དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་གཡུལ་འགྱེད་ལས་རྒྱལ་ཐུབ་པའི་མཐོ་ཚད་ནས། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་པོར་ཤེས་པར་བྱས་ཏེ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་དམག་གྲབས་གཡུལ་འགྱེད་ལ་ཞབས་ཞུ་དང་འདེགས་སྐྱོར་གྱི་ནུས་པ་མགྱོགས་མྱུར་སྒོས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་པ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། ལག་ལེན་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། དམག་འཐབ་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་དམིགས་ཏེ་ཆ་འཕྲིན་ཞབས་ཞུའི་འགན་སྲུང་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། དྲ་རྒྱའི་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། རིགས་སོ་སོའི་གཞི་གྲངས་ཆ་འཕྲིན་མཉམ་འདྲེས་སྒོས་བེད་སྤྱོད་ཡག་པོ་བྱེད་པ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་འགོག་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། མཉམ་འདྲེས་མ་ལག་དང་། སྐུལ་འདེད་མ་ལག ནུས་སྤྲོད་མ་ལག་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ། བཀོད་འདོམས་བྱེད་སྟངས་གསར་གཏོད་དང་དམག་འཐབ་བྱེད་སྟངས་བསྒྱུར་རྒྱུར་སྣེ་ཁྲིད་བཅས་བྱེད་དགོས། བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཉམ་སྐྲུན་དང་མཉམ་བཀོལ། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་པ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཆ་འཕྲིན་རོགས་སྐྱོར་དམག་དཔུང་དེ་གསར་སྐྲུན་གྱི་ཐོག་མའི་དུས་སུ་གནས་ཡོད་པས། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རྨང་གཞི་འདིང་བ་དང་རྒྱང་རིང་ལ་ཕན་པའི་བྱ་བ་ཡག་པོར་སྒྲུབ་རྒྱུར་མཐོང་ཆེན་བྱས་ནས། དཔུང་སྡེའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ། བསམ་བློའི་རྩ་བའི་གནད་དོན་དམ་འཛིན་བྱས་ནས་བསམ་བློ་ཀུན་སྤྱོད་དག་ཐེར་གཏིང་ཟབ་བྱེད་པ། སྤྱོད་ཚུལ་དང་སྒྲིག་ལམ་ནན་མོ་དང་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ་དམག་དཔུང་མཐའ་གཅིག་ཏུ་བློ་དཀར་བ་དང་མཐའ་གཅིག་ཏུ་སྤྱོད་པ་གཙང་བ། མཐའག་གཅིག་ཏུ་བློ་གཏད་ཆོག་པ་བཅས་ཡོང་བར་ཁག་ཐེག་བྱེད་དགོས། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་སྐབས་དང་པོའི་ཏང་ཨུས་ལས་གཏོད་ཀྱི་འདུ་ཤེས་དང་གསར་འབྱེད་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། འགན་འཁྲི་དངོས་གནས་ཕྲག་ཏུ་བླངས་ཏེ་རིམ་པ་སོ་སོའི་ཏང་ཨུའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ལས་ཡུལ་དང་པོའི་བཀོད་འདོམས་པུའུ་དང་ལས་ཡུལ་དང་པོའི་དམག་འཐབ་བཙན་རྫོང་སྟོབས་ཆེར་གཏོང་བ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་རྩ་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། ཕྲེང་ལམ་ཧྲིལ་པོའི་འཛུགས་སྐྲུན་དམ་འཛིན་བྱེད་པའི་འདུ་ཤེས་ལག་བསྟར་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དྲ་རྒྱའི་ཆ་འཕྲིན་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་དགོས། གནད་འཁེལ་འཛུགས་སྐྲུན་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་པ། རིགས་དབྱེའི་མཛུབ་ཁྲིད་ལ་མཐོང་ཆེན་བྱེད་པ། གཞི་རིམ་འཛུགས་སྐྲུན་དམ་འཛིན་ནན་མོ་བཅས་བྱས་ནས། དཔུང་སྡེའི་རྒྱུན་ལྡན་གྱི་སྒྲིག་ལམ་དང་བདེ་འཇགས་བརྟན་བརླིང་རྒྱུན་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་པ་དང་། དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་མདུན་དུ་བསྐྱོད་ནས་མཛུབ་ཁྲིད་བྱེད་པ། ལས་ཁུངས་སོ་སོས་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ། མཉམ་དུ་ཆ་འཕྲིན་རོགས་སྐྱོར་དམག་དཔུང་འཛུགས་སྐྲུན་ཡག་པོ་བྱས་ནས་རང་དམག་གི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་གསུངས།
ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་། ལིའུ་ཀྲིན་ལིས། ཀྲང་ཧྲིན་མེན་སོགས་བྱ་འགུལ་ལ་ཞུགས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།