ཟླ12པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས23པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《བདེན་སྲུང་གསར་སྐྲུན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ1ནས2024ལོའི་ཟླ8པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བསྡུས་བྱས་པ་ཞིག་རེད།
རྩོམ་ཡིག་ལས་ང་ཚོས་སྒྲུབ་བཞིན་པ་ནི་སྔར་མེད་ཀྱི་རླབས་ཆེ་བའི་ལས་དོན་ཞིག་ཡིན། བདེན་སྲུང་གསར་སྐྲུན་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་ནོར་བ་དང་། རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་འབྱུང་ལ། གསར་སྐྲུན་གྱིས་གཞི་ནས་དུས་རབས་དམ་འཛིན་བྱེད་ཐུབ་པ་དང་དུས་རབས་ལ་སྣེ་ཁྲིད་བྱེད་ཐུབ། ཚན་རིག་དང་མཐུན་པའི་རྣམ་འགྱུར་ཐོག་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་། བདེན་དོན་གྱི་སྙིང་སྟོབས་ཐོག་ནས་བདེན་དོན་འཚོལ་གཉེར་བྱེད་པ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ། དུས་རབས་ཀྱི་གོམ་སྟབས་དམ་པོར་སྙེག་ནས་ལག་ལེན་འཕེལ་རྒྱས་དང་བསྟུན་པ། གསར་ཐོན་བྱ་དངོས་ཡོད་ཚད་ལ་སྤྲོ་སེམས་ཆེན་པོ་འཛིན་པ། ངོས་འཛིན་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་བསྐྱེད་པ། སྔོན་བྱོན་པས་བཤད་མ་མྱོང་བའི་གཏམ་གསར་བཤད་ཕོད་པ། སྔོན་བྱོན་པས་བསྒྲུབས་མ་མྱོང་བའི་བྱ་བ་སྒྲུབ་ཕོད་པ། གཞུང་ལུགས་གསར་པར་བརྟེན་ནས་ལག་ལེན་གསར་པར་ཁྲིད་སྟོན་བཅས་བྱ་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་བརྗོད་གཞི་གལ་ཆེན་ལས་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་སྲོག་རྩ་དེ་གཏན་ནས་འདོར་མི་རུང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་དེ་གཏན་ནས་འདོར་མི་རུང་། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སྙིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་འབྲེལ་མཐུད་ནུས་ལྡན་བྱས་ནས། གཞུང་ལུགས་ཀྱི་ཁྱད་སྟོབས་གསར་པ་གཅིག་བསྡུས་བྱས་ཏེ་བསམ་བློའི་ཡང་རྩེར་སྙེག་གང་ཐུབ་བྱ་དགོས་པ་ནན་གྱིས་བསྟན་ཡོད།
རྩོམ་ཡིག་ལས་བདེན་སྲུང་གསར་སྐྲུན་ནི་ང་ཚོའི་ཏང་གིས་དུས་རབས་གསར་པར་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་བློ་གཏོང་སྟངས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གནས་པའི་འགལ་བ་དང་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ཐོད་བརྒལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕུན་སུམ་ཚོགས་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཚོལ་ཞིབ་བྱེད་པ་ནི་རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་བདེན་སྲུང་གསར་སྐྲུན་ཁྲོད་གསར་གཏོད་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་། ཐོག་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བ་དང་འབྱུང་ཁུངས། གཞི་རྩ་དང་བླ་སྲོག་བཅས་ཡག་པོར་སྲུང་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་ལ་ཁག་ཐེག་བྱེད་དགོས། དེ་དང་ཆབས་ཅིག གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འབུར་ཐོན་གནས་བབ་སྟེང་བཞག་ནས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་པ། འགྱུར་ལྡོག་དབྱེ་འབྱེད་དང་འགྱུར་ལྡོག་དོན་གཉེར་ཧུར་ཐག་བྱེད་པ་བཅས་བྱས་ནས། གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་མིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་བསྐྲུན་དགོས་པ་བསྟན་ཡོད།
རྩོམ་ཡིག་ལས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་རྩ་དོན་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པར་བགྲོད་ལམ་མི་འགྱུར་བ་དང་བློ་སྟོབས་ལ་འགྱུར་བ་མི་གཏོང་བའི་ངེས་ཤུགས་སྟོབས་ཆེན་དགོས་པ་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བར་གཡོ་འགུལ་མི་གཏོང་བ་དང་། གསར་གཏོད་བྱེད་ཕོད་པ་དང་མཁྲེགས་གཏོར་བྱེད་ཕོད་པའི་བློ་སྟོབས་ཡོད་དགོས་ལ། བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
བདེན་སྲུང་དང་གསར་སྐྲུན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་བྱེད་དགོས་པའི་རིགས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་བྱེད་པ་དང་། བཅོས་སྒྱུར་བྱེད་མི་དགོས་པའི་རིགས་བཅོས་སྒྱུར་བྱེད་མི་རུང་། བཅོས་སྒྱུར་ཇི་ལྟར་བྱས་ཀྱང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་སོགས་ཀྱི་རྩ་བ་དེར་གཡོ་འགུལ་གཏན་ནས་གཏོང་མི་རུང་། དེ་དང་ཆབས་ཅིག གསར་གཏོད་བྱེད་ཕོད་པར་བྱས་ནས་བཅོས་སྒྱུར་བྱེད་དགོས་པའི་རིགས་དང་བཅོས་སྒྱུར་བྱེད་ཐུབ་པའི་རིགས་བཅོས་སྒྱུར་ཡག་པོ་བྱེད་པ་དང་། བཅོས་སྒྱུར་གནད་ལ་འཁེལ་བ་བྱས་ཏེ་འཕྱུགས་མེད་ངང་དམ་འཛིན་བྱེད་དགོས་པ་བསྟན་ཡོད།
རྩོམ་ཡིག་ལས་ཀྲུང་ཧྭ་མི་རིགས་ནི་བདེན་སྲུང་གསར་སྐྲུན་གྱི་མི་རིགས་ཞིག་ཡིན། བདེན་སྲུང་གསར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མངོན་པར་བྱས་ཏེ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་བསྐྲུན་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་དུ་མགོ་ཁུངས་འཚོལ་དགོས། དུས་རབས་གསར་པའི་རིག་གནས་ལས་དོན་པས་ངེས་པར་དུ་བདེན་སྲུང་གསར་སྐྲུན་གྱི་སྲོལ་བཟང་དང་ངར་ཤུགས་ཐོག་ནས། ལོ་རྒྱུས་ཀྱི་རྗེས་ཤུལ་རྒྱུན་འཛིན་དང་དེང་རབས་ཀྱི་ངོ་མཚར་ལེའུ་རྩོམ་དགོས་པ་བསྟན་ཡོད།
རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།