རྨ་གཡང་རྟགས་མའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ།

文摘   2024-12-02 17:39   青海  

འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྨ་གཡང་རྟགས་མའིབོད་ཀྱི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དང་འགྲུལ་བཞུད་ལམ་སྟོན་ལེ་ཚན་གྱི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།

  སྤྱི་ཟླ12པའི་ཚེས2ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྨ་ཆེན་རྫོང་རྨ་གཡང་རླངས་འཁོར་ཁ་ལོ་བའི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྨ་གཡང་རྟགས་མའི་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དང་འགྲུལ་བཞུད་ལམ་སྟོན་ལེ་ཚན་གྱི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།    ཐེངས་འདིའི་ལྷུག་རྩོམ་འགྲན་སྡུར་ཁྲོད་བུ་ཚེ་རིང་རྒན་པ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཨ་ཉི་ལྷ་དགའ་དང་དཀར་ལུང་པད་མ་རྡོ་རྗེ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། འབྲོག་བུ་དཀོན་བཀྲ་དང་གངས་དཀར་འཚོ། དཀོན་མཆོག་རྒྱལ་པོ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ། གཞན་ཕུལ་བྱུང་བྱ་དགའ་ཐོབ་མཁན་ནི་འདམ་འཇིལ་ལི་དང་སྐལ་བཟང་ཐུབ་བསྟན། གཡུ་སྒྲོན། སྟག་རིག་འབྲུག་ཐར། བཀྲ་ཤིས་འཚོ། ལྕགས་ཐར་རྒྱལ། རྩྭ་ཕྲན། གླེ་གཞུག་པད་མ་སྐྱབས། བསྟན་འཛིན་ནོར་རྒྱས། ཚེ་རིང་འཚོ་བཅས་རེད། 

བྱ་དགའ་ཨང་དང་པོ་ཐོབ་མཁན། བུ་ཚེ་རིང་རྒན་པ། 

བྱ་དགའ་ཨང་གཉིས་པ་ཐོབ་མཁན། ཨ་ཉི་ལྷ་དགའ་དང་དཀར་ལུང་པད་མ་རྡོ་རྗེ།

བྱ་དགའ་ཨང་གསུམ་པ་ཐོབ་མཁན། དཀོན་མཆོག་རྒྱལ་པོ་དང་གངས་དཀར་འཚོ། འབྲོག་བུ་དཀོན་བཀྲ། 

ཕུལ་བྱུང་བྱ་དགའ་ཐོབ་མཁན་དག

  ཐེངས་འདིའི་བྱ་འགུལ་སྟེང་བོད་འབྲེལ་ས་ཁུལ་སོ་སོ་ནས་ཕེབས་པའི་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ལྷན་གཅིག་ཏུ་འདུས་ཤིང་། འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བའི་ནང་དོན་ཁག་མང་པོ་ལེ་ཚན་ཁྲོད་དུ་ཟབ་ཞུགས་བྱས་ནས་ཀློག་འགྲེལ་དང་གསལ་བཤད་བྱེད་མཁན་གྱི་གཞི་རིམ་ཉེན་རྟོག་པ16གདན་ཞུ་བྱས་ནས། ཁོ་ཚོ་ལ་སྔོན་ཐོན་མི་སྒེར་གྱི་བྱ་དགའ་གནང་། དེ་མིན་ཐེངས་འདིའི་ལྷུག་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ཀྱིས་བྱ་དགའ་བླངས་རྗེས། རྗེས་ཕྱོགས་མུ་མཐུད་དུ་རྩོམ་རིག་ལ་བརྟེན་ནས་ཀྲུང་ཧྭ་མི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་བོད་ཀྱི་ལྷུག་རྩོམ་འཕེལ་རྒྱས་ཐད་ནུས་པ་འདོན་འདོད་ཡོད་པའི་ཚུལ་བསྟན། 


རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章