མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྲོགས་པོ་ཆུང་ཆུང་ཚོར་ཆེད་དུ་དམིགས་ནས་སྒྲུབ་བཞིན་པའི་ཁ་གཏད་རང་བཞིན་ཅན་གྱི་ཐད་གཏོང་ལེ་ཚན་ཞིག་ཡིན།ཐད་གཏོང་གི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་ལྷག་པ།པ་སངས་བཅས་ཀྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུའི་སྟེང་ཡིན།
ལེགས་བཤད།
ཉི་མ་རེ་ལ་ཚིག་རེ་ཟུངས།
ཆ་ལུགས་ངན་ན་ཀུན་གྱིས་བརྙས།།
འདབ་ཆགས་ཀུན་གྱིས་སྤང་ཞེས་གྲགས།།
ས་སྐྱ་ལེགས་བཤད་ལས་དྲངས།
- ནང་དོན་གནད་བསྡུས་དང་འབྲེལ་ཡོད་པར་རིས། -
【ཅོ་ཀའི་དྲུག་འགྱུར】ནང་དུ་ལྷ་མོ་སྒྲོལ་མས་བླངས་པའི་གླུ་དབྱངས《མཐུན་པ་སྤུན་བཞི》དང་བདེ་ལེགས་ཀྱིས་བླངས་པའི་རྡུང་ལེན《བོད་པའི་བུ་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ལས་ངང་པས་ཝ་མོར་འཐབ་པ་ཞེས་པ་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་པ་དཔེ་ཀློག་ལ་སྐུལ་བའི་ཐབས་ཤེས་འགའ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།