ཡར་ཀླུང་གཙང་པོའི་འགྲམ་གྱི“ལྗང་མདོག་གི་ལྕགས་རི་རིང་པོ”།

体娱   2024-11-01 14:25   青海  


ཡར་ཀླུང་གཙང་པོའི་འགྲམ་གྱི“ལྗང་མདོག་གི་ལྕགས་རི་རིང་པོ”།



འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གུང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་གྲོང་མིས་སྡོང་ཕྲུག་སྐྱེ་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

དབྱར་སྟོན་གྱི་དུས་སུ་ཡར་ཀླུང་གཙང་པོའི་འགྲམ་གྱི་གཞུང་ལམ་བརྒྱུད་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་འབྱོར་སྐབས་མིག་ལམ་དུ་འཆར་བ་ནི་ལྗོན་ཤིང་དང་། དྭངས་ཤིང་གཙང་བའི་ཆུ་བོ། སྔོ་ཞིང་བསངས་པའི་ནམ་མཁའ་བཅས་རེད། དེ་སྔ་ཡུལ་དེ་ནི་བོད་ལྗོངས་སུ་སྐད་གྲགས་ཆོད་པའི་བྱེ་སྒང་ཞིག་ཡིན། 

དུས་རབས20པའི་ལོ་རབས་བརྒྱད་ཅུ་པར། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་དང་པོར་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་མགོ་བརྩམས། ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྒྱལ་གྱི་ནགས་ལས་ཆུ་བེད་ལས་གྲྭའི་ལོ་རྒྱུས་ཐོག་ཐོག་དང་པོར་རགས་བརྒྱབ་ནས“ལྗང་པ་ཆེན་པོ་འདེབས་པ”སོགས་ཀྱི་བྱེད་ཐབས་ཚོད་ལྟ་བྱས་ཏེ། མཐོ་གྲང་དང་སྐམ་ཤས་ཆེ་བའི་ས་ཁུལ་དུ་ནགས་བཟོ་དང་བྱེ་བཅོས་བྱེད་པའི་ཚན་རྩལ་གྱི་གྲུབ་འབྲས་མང་པོ་འཚོལ་ཞིབ་དང་གསོག་འཇོག་བྱས་པ་རེད། 

མི་བགྲང་ལས་འདས་པ་ཞིག་གིས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཞི་ཁྱོན་ཆེ་བའི་སྒོ་ནས་གང་སར་ཁྱབ་པའི་བྱེ་སྒང་ལ་ཅུང་ཚོད་འཛིན་བྱུང་བ་མ་ཟད། བྱེ་འགྱུར་བྱེད་པའི་རྒྱ་ཁྱོན་ཡང་ལོ་རེ་བཞིན་ཇེ་ཆུང་དུ་སོང་ཞིང་། ཆུ་འགོའི་གསོ་འཁྱོངས་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན། ད་ལྟ་ཡར་ཀླུང་གཙང་པོའི་བཞུར་རྒྱུད་ཀྱི་གཞིས་ཀ་རྩེ་དང་ལྷོ་ཁ། ལྷ་ས། ཉིང་ཁྲི་སོགས་ཀྱི་གཙང་འགྲམ་དུ་ལྗོན་ཤིང་དང་སྤང་ལྗོངས་མང་པོ་མཐོང་ཐུབ། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི“ལྗང་མདོག་གི་ལྕགས་རི་རིང་པོས”དེ་གའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་བཞིན་ཡོད།



འདི་ནི་ཡར་ཀླུང་གཙང་པོའི་བྱང་འགྲམ་གྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཡུལ་དེའི་ནགས་སྲུང་གིས་སྡོང་བཅོས་བྱེད་པའི་ཚུལ་རེད།


འདི་ནི་བོད་ལྗོངས་ལྷོ་ཁ་གུང་དཀར་རྫོང་གི་སྡེ་མིས་སྡོང་པོར་ཆུ་གཏོང་བཞིན་པའི་ཚུལ་རེད།


འདི་ནི་ཡར་ཀླུང་གཙང་པོའི་ཆུ་འགྲམ་དུ་བཙུགས་པའི་ལྗོན་པའི་ཚལ་རེད།


འདི་ནི་ཡར་ཀླུང་གཙང་པོའི་འགྲམ་དུ་རང་འགུལ་ཆུ་འདྲེན་སྦུ་གུར་བརྟེན་ནས་སྡོང་བོར་ཆུ་གཏོང་བཞིན་པའི་ཚུལ་རེད།


འདི་ནི་ཡར་ཀླུང་བྱང་འགྲམ་གྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ནགས་ཚལ་དང་ཨ་སྔོན་གཞི་གཅིག་ཏུའདྲེས་ཡོད་པའི་ཚུལ་རེད།


འདི་ནི་ཡར་ཀླུང་བྱང་འགྲམ་གྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཚང་ཚིང་དུ་སྐྱེས་པའི་ལྗོན་པའི་ཚལ་རེད།


བསོད་ནམས་འཚོས་བསྒྱུར། 

རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章