ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་མགོ་ཚུགས་པ།
ཉེ་ཆར་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་ལོ་རེར་ཐེངས་རེའི་སྐུ་དཀར་གསོལ་པའི་ལས་དོན་སྤེལ་མགོ་ཚུགས། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་བྱེད་མི་སྣ་དང་དང་བླངས་པ་རྣམས་ཀྱི་འོ་མ་དང་སྦྲང་རྩི། ཀ་ར་དཀར་པོ་དང་དམར་པོ། གུར་གུམ་སོགས་དཀར་རྩི་དང་རྡོ་ཐལ་མཉམ་བསྲེས་བྱས་རྗེས། དཀར་དམར་སེར་གསུམ་གྱི་ཆེད་སྤྱོད་བྱུག་རྫས་བསྲེས་ཏེ་ཕོ་བྲང་པོ་ཏ་ལའི་ཕྱིའི་གྱང་ངོས་སུ་གཏོར་བ་ཡིན་པས། ཕོ་བྲང་པོ་ཏ་ལར་ཡང་མི་རྣམས་ཀྱིས“ཞིམ་མངར་ལྡན་པའི་ཕོ་བྲང”ཞེས་འབོད་བཞིན་ཡོད། རྫས་སྦྱོར་ཁྱད་པར་ཅན་གྱི་འབྱུག་རྫས་ལ་འབྱར་གཤིས་ལྡན་པར་མ་ཟད་གོག་དཀའ་བ་དང་། གནའ་སྐྲུན་གྱང་སྟེང་ལ་སྔར་ལས་ལྷག་པར་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ། །