ཁྲང་ཅང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

体娱   2024-11-09 20:52   青海  


སྐབས34པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས18པའི་ཁྲང་ཅང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།


ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས34པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་སྐབས18པའི་ཁྲང་ཅང་ཐའོ་ཧྥེན་བྱ་དགའི་དཔྱད་འདེམས་མཇུག་འབྲས་དེ་ཚེས7ཉིན་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྨྱན་སྦྱོར་གྱི་བརྩམས་ཆོས373ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པའི་ནང་དམིགས་བསལ་བྱ་དགའ4དང་། བྱ་དགའ་རིམ་པ་དང་པོ75། བྱ་དགའ་རིམ་པ་གཉིས་པ109། བྱ་དགའ་རིམ་པ་གསུམ་པ185བཅས་ཡོད་པ་རེད། དེ་དང་ཆབས་ཅིག་ཡོངས་བསྒྲགས་བྱས་པའི་ནང་ད་དུང་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་ཡོད་པ་དང་། ཁྲང་ཅང་དང་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་མི10རེ་ཡོད།

ད་རེས་ཀྱི་དཔྱད་འདེམས་ཁྲོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར《Xi Jinping unanimously elected Chinese president,PRC CMC chairman(ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ)》དང་། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ《ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ》། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགྱུར་ཐད་གཏོང《སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་པ་འདེམས་བསྐོ》དང་བཅིངས་འགྲོལ་དམག་གསར་འགྱུར་བརྒྱུད་སྤེལ་ལྟེ་གནས་ཀྱི་གསར་འགྱུར《ཤར་རྒྱུད་འཐབ་ཁུལ་རྩ་འཛུགས་ཀྱིས་ཐའེ་ཚན་མཐའ་སྐོར་གྱི་དམག་གྲབས་ཉེན་ཟོན་སྐོར་གཡེང་དང“མཉམ་འབྲེལ་རལ་གྲི་རྣོན་པོའི”སྦྱོང་བརྡར》བཅས་བརྩམས་ཆོས4ལ་ཚོགས་ཞུགས་དཔྱད་འདེམས་པའི་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་ནས་དམིགས་བསལ་བྱ་དགའ་ཐོབ་པ་རེད།

2023ལོའི་གཙོ་གནད་ལས་དོན་དང་དཔེ་མཚོན་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ལ་དམིགས་པའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་མང་པོ་ཞིག་ལ་རིམ་པ་མཐོ་བའི་བྱ་དགའ་ཐོབ་པ་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ《དཔལ་འབྱོར་ཟིན་བྲིས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གྱི་གཏིང་ཟབ་པའི་གཏན་ཚིགས་རིག་པ》དང་། ཧྲང་ཀོན་གསར་འགྱུར《<མང་ཚོགས་ཀྱིས་བསམ་བློའི་སྐོར་གླེང་བ>ཡི་ཚན་པ་གསུམ་པ》། ཧོ་པེ་ཉིན་རེའི་ཚགས་པར《“སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་སྒྲོལ་ནས་ཤེས་ལྡན་མི་སྣ་འདེམས་པ”--བློ་མཐུན་ཞི་ཅིན་ཕིང་གིས་ཧོ་པེ་ཀྲེང་ཏིང་དུ་བྱ་བ་སྒྲུབ་སྐབས“ཤེས་ལྡན་མི་སྣའི་སྐོར་གྱི་སྲོལ་ཡིག་དགུ”བཏོན་པའི་ལག་ལེན་དང་བློ་འབྱེད》སོགས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་དང་དྲིལ་བསྒྲགས་བྱེད་པའི་རྩེར་སོན་བརྩམས་ཆོས་མང་དག་ཅིག་ཐོན་ཡོད། ཀུའེ་ཀྲོའུ་དང་ཧྲང་ཧའེ། པེ་ཅིན། ཧུའུ་ནན། ཀྲེ་ཅང་། ཅང་སུའུ་བཅས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་བརྩམས་པའི《ཟམ་པ་ཁྲིའི་འཛུགས་སྐྲུན།-རི་ཆུའི་དབར་གྱི་མིའི་རིགས་ཀྱི་ངོ་མཚར་ཆེན་མོ》སོགས་བརྩམས་ཆོས་མང་པོ་ལས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་རླབས་ཆེའི་གྲུབ་འབྲས་གསོན་ཉམས་དོད་པོས་བཀོད་ཡོད་པ་རེད། ཀྲུང་གོ་གསར་འགྱུར་དྲ་བའི《ཤར་ནུབ་སྐོར་གྱི་དྲི་བ》དང་ཧུའུ་ནན་གསར་པའི་སྤྱོད་སྣེ《མཚོ་ཐོག་ཏུ་བསྐྱོད་པའི་ཟིན་ཐོ·ཨ་ཧྥེ་རི་ཁར་བསྐྱོད་པ》སོགས་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་ཕན་འབྲས་མངོན་གསལ་དོད་པའི་གསར་འགྱུར་བརྩམས་ཆོས་མང་པོར་བྱ་དགའ་ཐོབ།

སྐབས་བཅོ་བརྒྱད་པའི་ཁྲང་ཅང་དང་ཐའོ་ཧྥེན་བྱ་དགའི་ཁྲང་ཅང་བྱ་དགའ་ཐོབ་མཁན་མི10ནི(རུས་ཀྱི་པིར་རིས་མང་ཉུང་ལྟར་བསྒྲིགས)ཧྥུའུ་ཅན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པའི་ཏེང་ཅིན་མུའུ་དང་། ཐེན་ཅིན་ཅིང་ཡུན་སྨྱན་སྦྱོར་གསར་པའི་ཚོགས་པའི་ཡན་ཀྲེན། ཞིང་པ་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཅང་ན། ཞིན་ཧྭ་གསར་འགྱུར་ཁང་གི་སུན་ཁྲེང་པིན། མང་ཚོགས་ཚགས་པར་ལས་རིགས་ཚོགས་པའི་ལི་ཧའེ་ཡན། པེ་ཅིན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཧྲའོ་ཅིན། ཀྲེ་ཅང་རླུང་འཕྲིན་བརྙན་འཕྲིན་ཚོགས་པའི་དབྱང་ཁྲོན་ཡོན། ལེའོ་ཉིང་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཀའོ་ཧྲོང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཝུའེ་ཁྲའོ་དབྱང་། ནང་སོག་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་མོང་བཅས་རེད། ཐའོ་ཧྥེན་བྱ་དགའ་ཐོབ་མཁན་གྱི་མི10ནི(རུས་ཀྱི་པིར་རིས་མང་ཉུང་ལྟར་བསྒྲིགས)ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གསར་འགྱུར་བརྒྱུད་སྤེལ་ལྟེ་གནས་ཀྱི་ཝང་ཞ་དང་། ཧི་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཝང་རེན་ཧའེ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཧྲེན་ཡུང་། ཀྲུང་གོ་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སུན་ཧྲང་ཝུའུ། ཅང་ཞི་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལི་ཏེན་མིན། བཅིངས་འགྲོལ་དམག་གསར་འགྱུར་བརྒྱུད་སྤེལ་ལྟེ་གནས་ཀྱི་ཀྲོའུ་པིན། ཧེ་ལུང་ཅང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཏོན་ཅུན་ཁའེ། ཀྲུང་གོ་གཞོན་ནུ་ཚགས་པར་ལས་ཁུངས་ཀྱི་ཀའོ་ཧྲན། མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཡོན་ཞིན་ཝུན། ཁྲུང་ཆིང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཀོན་ཧུང་བཅས་རེད། ཁོང་ཚོས“ཁ་ཕྱོགས་བཞི་དང་སྒྲུབ་པ་བཞི”མཐའ་འཁྱོངས་དང“སྟོབས་ཤུགས་བཞི”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་བཀུར་ལེགས་སྐྱེས། ལས་རྗེས་འབུར་ཐོན་བཅས་ཀྱི་ཐོག་ནས་ཏང་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། །



རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 

རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章