འགོ་ཁྲིད་ལས་བྱེད་པས་ལས་དོན་ཡར་ཞུའི་བཀོད་སྒྲིག་ཚོགས་འདུ་བསྡུས་པ།

文摘   2025-01-26 16:41   青海  

ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་ལས་དོན་ཡར་ཞུའི་བཀོད་སྒྲིག་ཚོགས་འདུ་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས24ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་ལས་དོན་ཡར་ཞུ་བྱེད་བའི་བཀོད་སྒྲིག་ཚོགས་འདུ་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་འཚོགས།   
ཚོགས་འདུའི་ཐོག་འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་སེང་ཞུ་བའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། 2025ལོར་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་ལས་དོན་ཡར་ཞུ་བྱེད་བའི་ལས་ཀ་བཀོད་སྒྲིག་དང་ཆེད་དོན་གསོ་སྦྱོང་གཉེར།     
ཚོགས་འདུའི་སྟེང་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་ལས་དོན་ཡར་ཞུ་བྱེད་བ་ནི་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་ནན་པོ་དང་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འགོ་ཁྲིད་ལས་བྱེད་པས་ཏང་ལ་ལྷག་བསམ་གཞུང་དྲང་ཡིན་མིན་དང་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་བྱེད་པའི་ཚོད་ལྟ་ཞིག་ཀྱང་རེད། ཏང་ཨུའི་རིམ་པ་ཁག(ཏང་ཙུའུ་)གིས་སྙན་ཞུའི་ལམ་ལུགས་ལག་བསྟར་ཡག་པོ་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འགོ་ཁྲིད་ལས་བྱེད་པས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་ནན་སྲུང་དང་། རྩ་འཛུགས་ལ་མི་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་ཞུ་བར་སྐུལ་འདེད་གཏོང་དགོས་པ་བསྟན།     
ཚོགས་འདུའི་སྟེང་། འགན་འཁྲིའི་འདུ་ཤེས་ཚད་མཐོ་ས་ནས《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་ལས་དོན་ཡར་ཞུ་བྱེད་བའི་གཏན་འབེབས》སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཏེ། སྙན་སེང་གཅིག་སྡུད་ཐོག་སྒྲིག་འཛུགས་ནན་ཏན་བྱས་ནས་ཟུར་ཁྲིད་མཛུབ་ཁྲིད་ལ་མུ་མཐུད་དུ་ཤུགས་བསྣན་དགོས། སྙན་ཞུའི་ནང་དོན་ལས་ནོར་སླ་བ་དང་ཆད་སླ་བའི་གནད་དོན་ལ་དམིགས་ཏེ།    མི་རེ་རེ་དང་རྣམ་གྲངས་རེ་རེར་དྲན་སྐུལ་དང་། ཞིབ་བཤེར་དང་འགག་སྒོར་རྒྱུན་མཐུད་ངང་ཤུགས་སྣོན།    ཕྱོགས་བསྡུས་ཐོག་དབྱེ་ཞིབ་ལེགས་པོ་བཅས་བྱས་ནས་ཁག་སོ་སོའི་ཁྱབ་ཁོངས་གཙོ་བོ་དང་མི་སྣ་གལ་ཆེན་ཡོངས་ལ་ཞིབ་བཤེར་བྱས་ནས་ངོས་འཛིན་ཐག་གཅོད་ཀྱི་ལས་ཀ་གནད་ལ་འཁེལ་བ་བསྒྲུབ་ཐོག  འཐེན་བཤེར་དང་ཞིབ་དཔྱད་བྱས་འབྲས་བེད་སྤྱོད་ལར་ཤུགས་བསྣན་ནས།  ཞིབ་དཔྱད་བྱ་བ་གནད་ཐོག་ལ་འབབ་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཞེས་བསྟན།།    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章