མཚོ་སྔོན་གྱིས་འཕྲལ་མར་བོད་ལྗོངས་དིང་རི་ལ་རིན་ཐང་སྒོར་ཁྲི1300ཡི་རྒུད་སྐྱོབ་དངོས་ཟོག་གཏོང་འགྲེམ་བྱས།
ཟླ1ཚེས7ཉིན་གྱི་ཆུ་ཚོད9སྐར་མ5ཡི་སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ6.8ཅན་གྱི་ས་ཡོམ་བྱུང་ནས་མང་ཚོགས་ལ་ཤི་རྨས་ཆེན་པོ་ཐེབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་ས་ཡོམ་བྱུང་ཁུལ་དེ་གྲང་ངར་ཆེ་བའི་མཐོ་སྒང་ཡིན་པའི་གནས་ཚུལ་ལ་དམིགས་ཏེ། བཀོལ་བདེ་ཁང(活动板房)ལེབ1000རེ་དང་། ལྟེབས་ཁྲི3000རེ། ཚ་ཐབ300རེ་སོགས་རིན་ཐང་སྒོར1300ལྷག་གི་རྒུད་སྐྱོབ་དངོས་ཟོག་བསྐྱལ། ཟླ1བའི་ཚེས8ཉིན་གྱི་ཆུ་ཚོད12ཡི་སྟེང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་ནས་ལམ་ལ་ཆས་ཤིང་། ཚོད་དཔག་བྱས་ན་ཆུ་ཚོད30ཡི་རྗེས་སུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་འབྱོར་ཐུབ། དེ་མ་ཟད་བོད་ལྗོངས་ཀྱི་གནོད་འཚེ་དང་གྱོང་གུད་དཔྱད་ཞིབ་དཔྱད་དཔོག་ལས་སྒོའི་ནུས་པ་ཅུང་ཞན་པའི་གནད་དོན་ལ་གཞིགས་ཏེ། གནོད་འཚེ་དང་གྱོང་གུད་དཔྱད་དཔོག་ཆེད་ལས་ལག་རྩལ་རྐང་འཛིན་པ་གསུམ་དེ་དག་དང་མཉམ་དུ་ས་ཡོམ་བྱུང་ཁུལ་དུ་མངགས་ནས་གནོད་ཁུལ་གྱི་གནས་ཚུལ་ལ་དཔྱད་དཔོག་བྱ་རྒྱུ་རེད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
ལོ་ཙཱ་བ། ཁོན་ཐར་འཚོ།
རྩོམ་སྒྲིག་པ། གཡང་སྐྱིད།