【ལོ་གསར་གཞི་རིམ་དུ་བསྐྱོད་པ】ཨང་དང་པོའི་བྱ་དགའ་ནོར་དཀར་ཞིག་རེད།

文摘   2025-01-17 17:05   青海  

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས14ཉིན་གྲོང་མི་རྣམས་གཅིག་རྗེས་གཉིས་འཕྲོར་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆིང་ལིན་ཡུལ་ཚོའི་གྲོང་ཚོའི་འགྲན་སྡུར“村BA”སྐབས་གཉིས་པའི་གཟེབ་གྲུག་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་སྤེལ་ཡུལ་གྱི་ཕྱོགས་སུ་བསྐྱོད་བཞིན་འདུག 

མཛད་སྒོར་མི་རིགས་ཀྱི་གླུ་གར་དང་ཧོར་རིགས་སྐྱེས་མ་ཚོའི་རྒྱན་གོས་ངོམ་སྟོན།  “གླུ་གཞས”སོགས་རིག་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཀུན་གྱི་མིག་གི་དགའ་སྟོན་དུ་བཤམས་བྱུང་། 


《ལུས་རྩལ་པའི་གླུ》སྐད་དང་བསྡེབས་ནས་འགྲན་ཞུགས་རུ་ཁག་བཅུ་གཉིས་རིམ་པ་བཞིན་འགྲན་རར་ཡོང་བ་དང་།  རུ་མི་རྣམས་ངར་ཤུགས་ཀྱིས་ཁེངས་ཤིང་གོམ་སྟབས་བརྟན་པས། ཆིང་ལིན་ཡུལ་ཚོའི་མི་རིགས་ཁག་གི་མང་ཚོགས་རྣམས་ཡར་བརྩོན་ལ་དགའ་བའི་ཉམས་སྣང་མངོན།
ཆུ་ཚོད11དང་སྐར་མ30ཡི་སྟེང་འགྲན་སྡུར་གྱི་མགོ་མར་ཆིང་ལིན་ཡུལ་ཚོའི་ཕབ་ལྗང་རུ་ཁག་དང་ཧྲང་གཡང་གྲོང་ཚོའི་ལན་ཐུའུ་རུ་ཁག་གཉིས་ཀྱིས་རྒྱལ་ཕམ་རྩོད་མགོ་བརྩམས།
དེ་དང་མཉམ་དུ་ཡུལ་དེའི་རྩམ་དྲི་དང་མར་དྲི་དྲོ་བའི་འགྲན་སྡུར་གྱི་བྱ་དགའ་དེ་འདྲུད་འཁོར་དུ་དྲུད་ནས་ཐོན་བྱུང་།   བལྟས་དང་ཨང་དང་པོ་ཡི་བྱ་དགའ་དེ་ནོར་དཀར་ཞིག་རེད། དེ་མིན་ལུག་ཡང་ཡོད་པ་རེད།   བྱ་དགའ་དེ་དག་ཐོབ་ན་ལོ་གསར་གྱི་ཚོང་ཆེ་ཤོས་རྒྱག་མི་དགོས་པ་རེད་ཅེས་མི་ཚོགས་ཀྱིས་དེ་ལྟར་སྐད་རྒྱག་བཞིན་འདུག
གྲོང་ཚོའི་འགྲན་སྡུར་སྐབས་དང་པོ་ནས་ད་ལྟའི་སྐབས་གཉིས་པའི་བར་དུ།  ཆིང་ལིན་ཡུལ་ཚོས་གཟེབ་གྲུག་འགྲན་སྡུར་སྐབས་གཉིས་ལ་སྤེལ་ནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།  ང་ཚོས་རིག་གནས་དར་སྤེལ་རྨང་གཞི་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་མུ་མཐུད་དུ་སྤེལ་རྒྱུ་དང་། མང་ཚོགས་ལ་རང་ཉིད་ངོམ་སོ་བྱེད་པའི་སྟེགས་བུ་མང་པོ་མཁོ་འདོན་བྱས་ནས་སྲོལ་རྒྱུན་རིག་གནས་དེ་ཞིང་གྲོང་གི་ཞིང་ས་གཤིན་པོ་རུ་བཀྲག་མདངས་སྔར་ལས་ལྷག་པ་ཞིག་མཚར་དུ་འཇུག་ངེས་ཞེས་ཆིང་ལིན་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་ཚོའི་མགོ་གཙོ་སུང་ཧྲེང་ཆོན་གྱིས་དེ་ལྟར་བཤད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章