སློབ་གསོ་པུའུ་ཡིས་བརྡ་ཐོ་གལ་ཆེན་བཏང་བ།

文摘   2025-01-27 12:35   青海  

ཉེ་ཆར། སློབ་གསོ་པུའི《དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པའི་བྱེད་ཐབས་འགའ་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། སློབ་གསོ་པུའུ་ཡི་དགེ་རྒན་ལས་དོན་སིའི་འགན་འཁུར་བས་ངོ་སྤྲོད་ལྟར་ན། དེ་ནི་ཆེད་མངགས་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དམིགས་པའི་ཡིག་ཆ་དང་པོ་རེད། སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་བར་སྐུལ་འདེད། སློབ་མའི་ལུས་ཕུང་གི་བྱང་ཚད་དང་ཕྱོགས་བསྡུས་བྱང་ཚད་རྒྱུན་མཐུད་མཐོ་རུ་གཏོང་བའི་ཐད《བརྡ་ཐོ 》ནས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན།     
ལུས་རྩལ་དགེ་རྒན་ཁ་གསབ་ཀྱི་ལས་ཀ་བཀོད་སྒྲིག་གཟེངས་སུ་ཐོན་དགོས།     
《བརྡ་ཐོ》ཡི་ནང་འཛིན་གྲྭའི་སློབ་མ་དང་དགེ་རྒན་གྱི་བསྡུར་ཚད་ལས་མི་མཐོ་བ་སྟེ་སློབ་ཆུང5:1དང་། དམའ་འབྲིང6:1 མཐོ་འབྲིང8:1བཅས་ཀྱི་ཚད་གཞི་ལྟར་ལུས་རྩལ་ཆེད་བསྐོ་དགེ་རྒན་བཀོད་སྒྲིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པར་མ་ཟད། ལུས་རྩལ་དགེ་རྒན་གདན་ཞུའི་ཆ་རྐྱེན་ལ་གཞིགས་ནས་བླང་བྱ་གསལ་བོ་བཏོན་ཡོད།     
རྩལ་ཁྲིད་པའི་ལས་གནས་ལམ་ལུགས་ལག་བསྟར་བྱ་དགོས་པ་སྟེ། སློབ་གྲྭའི་རྩལ་ཁྲིད་པ་དང་ལུས་རྩལ་དགེ་རྒན་གྱིས་ཆ་རྐྱེན་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཏན་འབེབས་ཀྱི་ནང་ལྟར་ལས་འགན་ཕན་ཚུན་བསྒྱུར་ཆོག
ལས་འཁྱུར་དམག་མིའི་ཕུལ་བྱུང་ལུས་རྩལ་པ་དང་ལས་འཁྱུར་དམག་མི་དག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བྱེད་ཆོག་པའི་ལམ་བཏོད་དགོས།     
ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་ཆེད་ལས་ལས་ཁུངས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་བར་མཉམ་ལས་བྱས་ནས། སློབ་གྲྭར་ལུས་རྩལ་སློབ་གསོའི་སློབ་ཚན་རྗེས་ཀྱི་ཞབས་ཞུ་དང་རྩལ་ཁྲིད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་སློབ་མའི་སྣ་མང་ཅན་གྱི་ལུས་རྩལ་སློབ་གསོ་ཡི་དགོས་མཁོ་སྐོང་བར་སྐུལ་མ་གཏོང་དགོས།
ལུས་རྩལ་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོར་འདེགས་བྱ་བ་གཟེངས་སུ་བཏོད་དགོས།       
དགེ་རྒན་གང་དེའི་ཡོང་ཁུངས་ཀྱི་སྤུས་ཚད་ཇེ་མཐོར་གཏང་དགོས། ལུས་རྩལ་དགེ་རྒན་གྱི་སློབ་རྒྱུས་ངེས་པར་དུ་ལུས་རྩལ་ཆེད་ལས་ཡིན་པ་དང་ལུས་རྩལ་ཆེད་ལས་མིན་པའི་ཆེད་ལས་ལ་རིམ་པ་གཉིས་པ་དང་དེ་ཡན་གྱི་ལུས་རྩལ་པའི་ལག་ཁྱེར་ཡོད་དགོས་པའི་གཏན་འབེབས་བྱས་ཡོད། ལུས་རྩལ་དགེ་རྒན་བསྡུ་ལེན་ཀྱི་དཔྱད་ཞིབ་ཁྲོད་ཆེད་དོན་ལུས་རྩལ་རྩལ་ནུས་ཀྱི་ནང་དོན་གལ་ཆེན་དང་གཞི་འཛིན་སར་བརྩི་རྒྱུ་ཁ་གསལ་བཟོ་དགོས།   
ལས་ཞུགས་རྗེས་ཀྱི་གསོ་སྦྱོང་ལ་ཤུགས་བསྣན་དགོས། ལས་གནས་ཐོག་གི་ལུས་རྩལ་དགེ་རྒན་ཡོངས་ལ་ནུས་ཚད་ཀྱི་་རིམ་མི་འདྲ་བ་དང་སློབ་གཉེར་ཀྱི་རིམ་པ་མི་འདྲ་དབྱེ་ནས་གསོ་སྦྱོང་གནད་ལ་འཁེལ་བའི་བྱས་ཏེ། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”ཡི་ལུས་རྩལ་དགེ་རྒན་གསོ་སྦྱོང་རྣམ་གྲངས་ལེགས་སྒྱུར་དང་། སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་གྱི་རིག་ཚན་བྱང་ཚད་ཇེ་མཐོར་གཏང་བར་ཤུགས་རྒྱག་དགོས།     
ལུས་རྩལ་དགེ་རྒན་དཔུང་ཁག་གི་ཐོབ་ཐང་འགན་སྲུང་བྱ་བ་འབུར་དུ་ཐོན་དགོས།       
ལུས་རྩལ་དགེ་རྒན་དཔྱད་ཞིབ་གདེང་འཇོག་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལུས་རྩལ་དགེ་རྒན་ལ་རིག་ཚན་གཞན་དག་གི་དགེ་རྒན་དང་འདྲ་བའི་འདྲ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས།     
ལུས་རྩལ་དགེ་རྒན་གྱིས་སློབ་ཁྲིད་རྗེས་ཀྱི་སྦྱོང་བརྡར་དང་། སློབ་ཁྲིད་རྗེས་ཀྱི་བྱེད་སྒོ འགྲན་བསྡུར་མཛུབ་ཁྲིད་སོགས་སློབ་ཁྲིད་ཀྱི་ནང་དོན་ལ་བརྩི་དགོས་པ་མ་ཟད། སློབ་མའི་ལུས་ཕུང་བདེ་ཐང་གནས་ཚུལ་དང་འགྲན་བསྡུར་གྱི་གྲུབ་འབྲས་ལ་གཞིགས་ནས་གྲུབ་འབྲས་དང་གླ་ཕོགས་བགོ་བཤའ་བྱེད་སྐབས་དེ་ལ་གཟིགས་སྐྱོང་བྱ་དགོས།     
“སྤོ་ལོ་ཆེན་པོ་གསུམ”གྱི་དགེ་རྒན་དཔུང་ཁག་གཟེངས་སུ་བཏོད་ནས་མཐོང་ཆེན་བྱེད་དགོས།      
བཀོད་སྒྲིག་གི་བླང་བྱ་ཁ་གསལ་འདོན་དགོས་པ་སྟེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་གྲྭའི་རྐང་རྩེད་སྤོ་ལོ་དང་། གཟེབ་གྲུག ཕའེ་ཆིའུ་སྤོ་ལོ་བཅས་ཀྱི་ཆེད་ལས་དགེ་རྒན(གཅིག་ལྕོགས)བཀོད་སྒྲིག་འདང་ངེ་བྱེད་དགོས།     
ལས་བསྡུའི་ཁ་གསབ་ལ་མཐོང་ཆེན་བྱ་དགོས།  སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་གྱི་ལས་གནས་གྲངས་འབོར་ངེས་ཅན་ཞིག་བཏོན་ནས་དགེ་རྒན་གྱི་ཐོབ་ཐང་ཡོད་ཅིང་དམག་ཁོངས་ནས་བུད་པའི་ཕུལ་བྱུང་ལུས་རྩལ་པ་དང་། དམག་ཁོངས་ནས་བུད་པའི་ཕུལ་བྱུང་དམག་མི་ལུས་རྩལ་དགེ་རྒན་གྱི་ལས་གནས་བསྡུ་བ་ཡོངས་བསྒྲགས་བྱས་ཏེ། དམག་ཁོངས་ནས་བུད་པའི་ཕུལ་བྱུང་ལུས་རྩལ་པ་དམིགས་སུ་བཟུང་ནས་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་གྱི་ལས་འགན་གནས་སུ་འགུག་དགོས།  
གཞན་ཡང《བརྡ་ཐོ》ཡི་ནང་། ས་གནས་ཁག་གིས་ཐབས་ལམ་མང་པོ་ནས་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་གྲོན་དངུལ་རིམ་བཞིན་ཇེ་མང་དུ་གཏང་བ་དང་། སློབ་གྲྭའི་ལུས་རྩལ་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་མ་དངུལ་གྱིས་རྒྱབ་སྐྱོར་བྱ་བར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ་ལུས་རྩལ་དགེ་རྒན་གསོ་སྦྱོང་དང་། སློབ་ཁྲིད་ཞིབ་འཇུག སློབ་མའི་གཟུགས་གཞི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན། ལུས་རྩལ་རུ་ཁག་འཛུགས་སྐྱོང་། ལུས་རྩལ་འགྲན་སྡུར། སྦྱོང་བརྡར་སྒྲིག་ཆས་གསར་སྒྱུར་སོགས་ཀྱི་རྣམ་གྲངས་གཙོར་བཟུང་ནས་སྤུས་ཚད་མཐོ་བའི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་བར་རྒྱབ་སྐྱོར་ལེགས་པོ་བྱེད་དགོས།     

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章