ཟི་ལིང2024ལོའི་ཀྲུང་གོའི་ཁ་དབུགས་ཆེས་གཙང་བའི་གྲོང་ཁྱེར་བརྒྱའི་མིང་ཐོར་ཚུད།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གླིང་ཆེན་ཨེ་ཤ་ཡའི་ཁ་དབུགས་གཙང་སེལ་ལྟེ་གནས་ཀྱིས《2024ལོའི་ཀྲུང་གོའི་རླུང་ཁམས་ཆེན་མོ་སྟེ། ཀྲུང་གོའི་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་འཕེལ་རིམ》ཞེས་པའི་སྙན་ཞུ་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ168ཡི་ཁ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཚུལདང་དེར་འབད་འབུངས་བྱས་ཚད་ལ་དཔྱད་དཔོག་ཐོག་སྐར་མ་བརྒྱབ་པ་དང་། དེ་ལས་ཟི་ལིང་གྲོང་ཁྱེར2024ལོའི་ཀྲུང་གོའི་ཁ་དབུགས་ཆེས་གཙང་བའི་གྲོང་ཁྱེར་བརྒྱ་ཡི་གྲས་ཀྱི་ཨང14བར་ཚུད་ཡོད་པར་མ་ཟད། ཁ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པའི་ཨང་གྲལ་ཁྲོད་ཨང9བ་ཟིན། དེས་ཟི་ལིང་གི་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་བྱས་པའི་ཕྱོགས་ཀྱི་ཕན་འབྲས་བཟང་བོ་དང་འབད་འབུངས་ལྷོད་མེད་མངོན་ཡོད་ལ། ཟི་ལིང་གྲོང་ཁྱེར་གྱི“ཉམས་བཟང”གཅིག་ཏུ་བསྡུས་ནས་མངོན། ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ཇེ་ལེགས་ནས་ཇེ་བཟང་ཕྱིན་ཡོད་པས། “ཕན་འབྲས་སྐར་མ”ཡི་དཔྱད་དཔོག་ཁྲོད་ཀུན་གྱི་གྲལ་མགོར་ཚུད་དེ་རིམ་པ“བཟང་པོ”ལ་བསླེབས། གྲུབ་འབྲས་དེས་ཟི་ལིང་གི་མཁའ་དབུགས་གཙང་མའི་ཉིན་གྲངས་ཇེ་མང་དུ་ཕྱིན་པའི“ཞལ་ངོ་ཐང་པོ”དེ་ར་སྤྲོད་བྱས་ཡོད། དེ་ཡང་མཁའ་དབུགས་གཙང་མ་ཇེ་ལེགས་སུ་ཕྱིན་པའི་ཕྱོགས་ནས་ཟི་ལིང་གྲོང་ཁྱེར་གྱིས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཤིང་། རྗེས་ལུས་ཀྱི་ཐོན་ནུས་འདོར་བ་དང་། བཟོ་ལས་ཁེ་ལས་ལྷད་མེད་རིམ་སྤར་དང་བཅོས་སྒྱུར་ལ་སྐུལ་འདེད་བཅས་བཏང་ནས་འགོ་ཁུངས་ནས་འབག་བཙོག་འབུད་བསྐྱུར་ཇེ་ཉུང་དུ་བཏང་། དེ་མ་ཟད་རིགས་མི་འདྲ་བའི་འབག་བཙོག་གི་འགོ་ཁུངས་ཚོད་འཛིན་གནད་ལ་འཁེལ་བར་ཤུགས་བསྣན་ཏེ། ས་རྡུལ་འཚུབ་པའི་འབག་བཙོག་དང་འཕྲུལ་འཁོར་གྱི་རླུང་འབུད། འབར་རླངས་དང་སོལ་རླངས་འདོན་ཐབ་བཅོས་སྒྱོང་ལ་སོགས་ཁྱབ་ཁོངས་གཙོ་བོའི་བཅོས་སྐྱོང་ལ་ཤུགས་བཏོན་པ་དང་། ནུས་ཁུངས་ཀྱི་སྒྲིག་གཞི་མུ་མཐུད་ལེགས་སྒྱུར་བྱས་ནས་ནུས་ཁུངས་གཙང་མ་བཀོལ་སྤྱོད་ཁྱབ་གདལ་བཏང་། སྲིད་ཇུས་བྱེད་ཐབས་ཕྱོགས་ནས་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དང་། སྡེ་ཚན་མཉམ་འབྲེལ་ལ་ཤུགས་སྣོན། ཁོར་ཡུག་སྲུང་སྐྱོབ་ཆེན་མོའི་ཁྲིམས་བསྟར་ལ་ཤུགས་ཆེན་པོ་བཅས་བརྒྱབ་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འགལ་བྱ་སྤྱོད་འདྲ་མིན་ལ་རྡུང་རྡེག་བྱས་པ་དང་། སྲིད་ཇུས་བྱེད་ཐབས་ཁག་ལག་ལེན་དོན་འཁྱོལ་དང་ལག་བསྟར་གནད་འཁེལ་ལ་འགན་ལེན་ཐོག ལས་ཀ་ཏན་ཏིག་བསྒྲུབས་པ་དང་ལག་བསྟར་ནུས་པ་ཆེན་པོ་ལ་བརྟེན་ནས“འབད་འབུངས་སྐར་མ”ཡི་དཔྱད་འཇོག་ཁྲོད་གདེང་འཇོག་ལེགས་པོ་ཐོབ། སླད་ཕྱིན། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཐེངས་འདིའི་གཟེངས་རྟགས་མགོ་རྩོམ་ས་བྱས་ཏེ། འཚེ་མེད་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་དུ་རྒྱུན་འཁྱོངས་དང་། རླུང་ཁམས་ཆེན་མོའི་འགོག་བཅོས་ལས་ཀ་མུ་མཐུད་དུ་གཏིང་ཟབ་སྤེལ། འགོག་བཅོས་འཐབ་ཇུས་སྔར་ལས་ལྷག་པར་ལེགས་སྒྱུར་དང་། ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ལ་ཤུགས་སྣོན། དོན་ལ་ཕན་པའི་བཅོས་སྐྱོང་བྱེད་སྟངས་མང་པོ་འཚོལ་ཞིབ་བཅས་བྱས་ཏེ། རླུང་ཁམས་ཆེན་མོའི་འབག་བཙོག་བཅོས་སྐྱོང་གི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས་དམིགས་འབེན་ཆེ་ཤོས་ཤིག་ལ་སྙེག་ཐོག རྒྱ་ཆེའི་གྲོང་མི་རྣམས་ལ་ཁ་དབུགས་གཙང་ལ། བག་ཡངས་པ། ནམ་མཁའ་སྔོ་ཞིང་དྭངས་ཤིག་བསྐྲུན་ནས་ཟི་ལིང་གི་ཁ་དབུགས་གཙང་མའི་མིང་བྱང་དེ་སྔར་ལས་འོད་འཚར་ལ་ཁྱད་དུ་འཕགས་པ་ཞིག་ཏུ་བསྒྱུར་འཆར་ཡོད་དོ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ལོ་ཙཱ་བ། ཁོན་ཐར་འཚོ།
རྩོམ་སྒྲིག་པ། གཡང་སྐྱིད།