རྟེན་གཞི་འདི་རང་ཞིང་དང་ཐེན་ཅིན་སློབ་ཆེན་གཉིས་ཀྱིས་བསྐྲུན་རྒྱུ།

文摘   2025-01-16 17:15   青海  

འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་ཞབས་ཞུའི་རྟེན་གཞི་མཉམ་ལས་མཉམ་བསྐྲུན་གྱི་གྲོས་ཆིངས་བཞག་པ།

ཟླ1པའི་ཚེས14ཉིན།    ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐེན་ཅིན་སློབ་ཆེན་བར་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་ཞབས་ཞུའི་རྟེན་གཞི་མཉམ་ལས་མཉམ་སྐྲུན་ཐད་ཀྱི་གྲོས་ཆིངས་ལ་མིང་རྟགས་འགོད་པའི་མཛད་སྒོ་ཐེན་ཅིན་སློབ་ཆེན་དུ་འཚོགས།    

གྲོས་ཆིངས་བཞག་པའི་མཛད་སྒོའི་ཡུལ་དངོས།   ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་ཡིས་མཁོ་འདོན་བྱས་པའི་པར་རིས།  
མཉམ་ལས་མཉམ་སྐྲུན་གྲོས་ཆིངས་ཀྱི་ནང་དོན་གཞིར་བཟུང་ཕྱོགས་གཉིས་པོས་ཟི་ལིང་གྲོང་ཁྱེར་གྱི་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་ཞབས་ཞུའི་རྟེན་གཞི་འཛུགས་སྐྲུན་གྱི་རྨང་གཞི་དང་ཐེན་ཅིན་སློབ་ཆེན་གྱི་ཚན་རིག་སློབ་གསོའི་འཇོན་མིའི་དགེ་མཚན་ལྡན་པའི་ཐོན་ཁུངས་གཞིར་བཟུང་།    “ཟི་ལིང་ལ་ཅི་མཁོ།    ཐིན་ཅེན་སློབ་ཆེན་གྱིས་འདོན”ཞེས་པ་ཁ་ཕྱོགས་བྱས་ཏེ།    གསར་གཏོད་ཐོན་ཁུངས་མཉམ་སྤྱོད་དང་།    ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་སྐྲུན།    ཚན་རྩལ་ཞིབ་འཇུག་གསར་སྤེལ་མཉམ་ལས།    ཚན་རྩལ་གྲུབ་འབྲས་གཞན་བསྒྱུར།    རྩེར་སོན་འཇོན་མི་འདྲེན་སྐུལ།    སློབ་ཐོན་སློབ་མ་ནང་འདྲེན་བཅས་ཀྱི་ཐད་ལ་ཕྱོགས་ཡོངས་དང་།    གཏིང་ཟབ་པ།    རྣམ་པ་མང་པོ་བཅས་ཀྱི་སྒོ་ནས་སྤེལ་རེས་མཉམ་ལས་བྱས་ཏེ་ལེགས་ཆ་གསབ་རེས་མངོན་འགྱུར་དང་མཉམ་ལས་མཉམ་རྒྱལ་ཡོང་བར་སྐུལ་འདེད་དང་།   ཐུན་མོང་ཐོག་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད།   
རྒྱུས་ལོན་བྱུང་བ་ལྟར་ན།   ཕྱོགས་གཉིས་པོས་ཐེངས་འདིའི་མཉམ་ལས་ཐུན་མོང་འཛུགས་སྐྲུན་གྲོས་ཆིངས་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བརྩིས་ནས་འདྲ་བཟོ་དང་།    སློབ་སྦྱོང་།    ཁྱབ་གདལ་བཅས་བྱེད་ཆོག་པའི་བྱ་བའི་ཉམས་མྱོང་དང་དཔེ་མཚོན་བཟང་བོ་བཏོད་དེ་ཚན་རྩལ་གྱིས་གཞོན་ནུ་རོགས་སྐྱོར་གྱི་ཕན་འབྲས་གཏིང་ཟབ་ཏུ་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་བཞག་ནས་ཟི་ལིང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་དང་ས་གནས་མཉམ་འདྲེས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ལམ་ཞིག་གཏོད་འཆར་ཡོད་དོ། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章