​ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བཏོན་པའི་གྲོས་གཞི།

文摘   2025-01-20 16:53   青海  

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁྲེན་ཅུན་ལིའང་གིས་ཐའོ་པེ་སྡེ་བའི་གྲོང་གསེབ་ཡུལ་སྐོར་ཁྱོན་ཡོངས་ནས་འཕེལ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཞིང་ཆེན་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་ཅུན་ལིའང་ནི་ཟི་ལིང་མཁར་བྱང་ཏ་པའོ་ཙི་གྲོང་རྡལ་ཐའོ་པེ་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན།  ཁོས་འདི་སྐད། འདས་ཟིན་པའི་ལོ་གཅིག་ནང་ཐའོ་པེ་གྲོང་ཚོ་རུ་ཐའོ་ཞའོ་པའོ་གསོལ་ཁང་དང་། ཐའོ་ཞའོ་པའོ་ཧྲང་ཞི་གསོལ་སྟོན་ཚོམས་ཆེན་སོགས་གྲོང་ཚོའི་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་གྲངས་ཡོངས་ལ་སྐུལ་འདེད་དང་། ཏ་པའོ་ཙི་གྲོང་རྡལ་གྱི“གྲོང་གསེབ་གསུམ་ཁྱིམ་མཚེས་མཉམ་འདུས”ཞེས་པའི་ལོ་གསར་དུས་ཆེན་སྐབས་བཞི་པ་བདེ་བླག་ངང་གཉེར་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཐུབ་ཡོད།   གཞན་ཡང་གྲོང་ཚོའི་ནང་ད་དུང་ཧྭ་ཧའེ་དང་།    གྲོང་གསེབ་ཀྱི་ཞིམ་ཟས་རིགས།  སྒར་བརྒྱབ་ནས་སྲེག་ཟས་བསྲེགས་པ།   ཆུ་ཐོག་སྤྲོ་སྐྱིད་གླིང་།  གྲོང་གསེབ་ཀྱི་གདོད་མའི་སྐྱེ་ཁམས་རིག་གནས་ཀྱི་གར་སྟེགས་ཆེན་པོ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་སྤྲོ་སྣང་གི་བྱང་བུ་རྒྱག་ས་བསྐྲུན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཟེར།   
གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས།  ཁྲེན་ཅུན་ལིའང་གི་སྐད་ཆའི་ནང་དགའ་སྤྲོ་དང་སྤོབས་པས་ཁེངས།     ཁོང་གིས་ན་ནིང་གྲོང་ཚོའི་ནང་གི་སྐབས་དང་པོའི་ཐའོ་པེ་མེ་ཏོག་གི་རྒྱ་མཚོ་ཞེས་པའི“གངས་འཁྱགས་གི་དོང་”དང་ཐའོ་པེའི་མེ་ཏོག་གི་རྒྱ་མཚོ་སྟེ་གངས་འཁྱགས་བྱེད་སྒོ་སོགས་སྤེལ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི3བཀུགས།     དེ་དང་ཆབས་ཅིག་ད་དུང་གྲོང་ཁྱེར་བྱང་ཁུལ་གྲོང་གསེབ་གྱི“ལོ་སར་དགོང་ཚོགས”འཚོགས་པས་ཐའོ་པེ་གྲོང་ཚོའི་ཡུལ་སྐོར་བ་སྔར་བས་ཇེ་མང་དུ་ཕྱིན་པ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན།     
གྲོང་ཚོའི་འབྱུང་འགྱུར་འཆར་འགོད་སྐོར་གླེང་སྐབས་ཁྲེན་ཅུན་ལེང་གིས“ང་ཚོས་ཐའོ་པེ་གྲོང་ཚོའི་ནུབ་ཀྱི་ཚོང་ཁྲོམ་དུ་དམངས་སྲོལ་རིག་གནས་དང་།    ཁྱད་ཆོས་ལྡན་པའི་བཟའ་བཏུང་།    གྲོང་མི་གྲོང་གསེབ་ཏུ་བསྐྱོད་ནས་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་རྨ་ཙོང་རིག་གནས་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་བསྐྲུན་འཆར་ཡོད།     དེ་དང་ཆབས་ཅིག་ཆུས་ལང་མཁར་བྱང་· སྤྲོ་སྣང་གྲོང་ཁུལ·ཐའོ་པེ་མེ་ཏོག་གི་རྒྱ་མཚོ་ཞེས་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་གྲོང་ཚོར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་འགུག་པ་དང་།  གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས་ཏ་པའོ་ཙི་གྲོང་རྡལ་གྱི་གྲོང་གསེབ་ཡུལ་སྐོར་ཁྱོན་ཡོངས་ནས་འཕེལ་བར་སྐུལ་ཁྲིད་བྱ་འཆར་ཡོད་ཅེས་བཤད།     ”

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མེ་ཏོག་ལྷ་མོ་ཡིས་གཞོན་ནུ་སྔར་ལས་མང་པོ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ཡིད་དབང་འགུག་དགོས་པའི་སྐོར་གླེང་།    
གྲོང་གསེབ་ལ་མཚོན་ན་གཞོན་ནུ་རྣམས་ཀྱིས་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན།     གྲོང་གསེབ་དར་རྒྱས་ཀྱི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གཞོན་ནུ་ཚོས་ནུས་པ་གལ་ཆེན་ཐོན་བཞིན་ཡོད།   ཐེངས་འདིའི་ཚོགས་འདུར་ཞུགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་ཡུལ་ཚོ་ཤར་མདའ་གྲོང་ཚོའི་གྲོང་མི་མེ་ཏོག་ལྷ་མོ་ནི་དེའི་ནང་གི་གཅིག་ཡིན།  
མེ་ཏོག་ལྷ་མོ་སློབ་ཆེན་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་རྗེས། ལས་གཏོད་ཀྱི་ལམ་བུའི་འགོ་བརྩམས།     དེའི་རིང་དུ་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ཚོར་བ་ཟབ་མོ་ཞིག་སྐྱེས་བྱུང་བ་ནི།    སྔོན་ཆད་ཀྱི་ས་ལམ་ནི་སྣུམ་ལམ་དུ་གྱུར་པ་དང་།    ཁྱིམ་ཚང་ཚང་མར་གློག་སྤྱོད་ཐུབ་པར་མ་ཟད།   ནས་ནག་གི་ལོ་འབྲས་ལོ་རེ་བཞིན་ཇེ་ཡག་ནས་ཇེ་ལེགས་ཡིན་པ་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་ཡང་ཇེ་བཟང་དུ་ཕྱིན་ནས་མི་སེར་གྱིས་སྨན་པ་བསྟེན་པར་སྟབས་བདེ་རུ་ཕྱིན་ཡོད་པ་དེ་དག་རེད།     
ས་གནས་དེའི་སྲིད་གཞུང་གི་རོགས་སྐྱོར་འོག མེ་ཏོག་ལྷ་མོར་ལས་གཏོད་ཀྱི་སྐུལ་བ་རག་ནས་མོ་རང་ཉིད་ལ་དབང་བའི་ལས་ཀ་ཞིག་གཉེར་ཐུབ་པར་གྱུར། ལས་གཏོད་ཀྱི་རིང་དུ་མོས་གྲོང་ཚོར་ལས་ཞུགས་ལས་གནས་མཁོ་འདོན་བྱས་ནས་གྲོང་ཚོའི་བུད་མེད་ལ་སྣེ་ཁྲིད་ཐོག་ལས་གཏོད་ལ་ཧུར་ཐག་བྱས་པར་བརྟེན་ཁོང་ལ་བུད་མེད་ཀྱི་ལས་གཏོད་བྱ་དགའ་ཐོབ།     
མེ་ཏོག་ལྷ་མོ་ནི་གཞི་རིམ་ནས་ཡོང་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཁུར་དུ་བསྒྲུབ་ཅིང་། རང་ཉིད་ཀྱི་ལས་གཏོད་སྟེགས་བུ་སྤྱད་དེ། རོང་འབྲོག་པའི་ལས་ཞུགས་དགོས་མཁོ་དང་རྩལ་ནུས་གནས་ཚུལ་རྒྱུས་ལོན་མང་པོ་བྱས་པ་མ་ཟད། ཁོ་ཚོར་འཚམ་པའི་ལས་གནས་སྔར་ལས་མང་པོ་ཞིག་གསར་སྤེལ་བྱས།     དེ་དང་ཆབས་ཅིག་མོས་ད་དུང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་ཧུར་ཐག་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་ཞིག་བརྩོན་ལེན་བྱས་པ་དང་། གཞོན་ནུ་སྔར་ལས་མང་པོ་ཞིག་ཕྱིར་ཕ་ཡུལ་བཀུགས་ཤིང་ལས་གཏོད་ལ་སྐུལ་ནས་གྲོང་གསེབ་དར་རྒྱས་ཐད་ལ་ལང་ཚོའི་སྟོབས་ཤུགས་ཕུལ།    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章