ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་གྲས1རྒྱལ་ཡོངས་ཀྱི་དཔེ་མཚོན་ལ་བདམས།

文摘   2025-01-13 17:07   青海  

མཚོ་སྔོན་གྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་གྲས་གཅིག་རྒྱལ་ཡོངས་ཀྱི་སྐོར་ཁག་དྲུག་པའི་དཔེ་མཚོན་ལ་བདམས།

1ཚེས8ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ལས་གྲོང་གསེབ་པུའུ་གཞུང་དོན་ཐིང་གིས་ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པའི་དཔེ་མཚོན་ངོ་སྤྲོད་མིང་ཐོ་ཁག་དྲུག་པ་ཁྱབ་བསྒྲགས་བྱས་པ་དང་ཤིས་ཉིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཀྱི་ཧོང་ཀྲུང་ཏེ་ལི་ཁྱིམ་ཚང་ཞིང་ར་བདེ་བླག་ངང་བདམས་པ་རེད། 2020ལོ་ནས་བཟུང་མཚོ་སྔོན་ལ་རྒྱལ་ཡོངས་ཀྱི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པའི་དཔེ་མཚོན་གྱོད་དཔེ་9བདམས་པའི་ནང་ཆེད་ལས་མཉམ་ལས་ཁང་3དང་ཁྱིམ་ཚང་ཞིང་ར6ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བ་དམིགས་སུ་བཟུང་སྟེ། ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པར་དམ་འཛིན་བྱས་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་འཕེལ་རྒྱས་ཐད་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། རྩ་འཛུགས་ཚད་ལྡན་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན་པའི་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོ་གསར་པ་ཁག་ཅིག་གསོ་སྐྱོང་དང་རྒྱ་སྐྱེད་ཏན་ཏིག་བྱས་པ་དང་།  མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་འཕེལ་རྒྱས་རྒྱུན་མཐུད་ཐུབ་པའི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་ཐད་ལ་ལམ་བུ་ཞིག་འཚོལ་ཞིབ་བྱས།ད་ཐེངས་ཀྱི་དཔེ་མཚོན་ནང་བདམས་པའི་ཧོང་ཀྲུང་ཏེ་ལི་ཁྱིམ་ཚང་ཞིང་ར་ཚན་རྩལ་གྱིས་དཔེ་སྟོན་ཁྱབ་སྤེལ་དང་། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བར་ཞབས་ཞུ། ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཚན་རིག་དང་མཐུན་པའི་གཉེར་སྐྱོང་དང་། ཞིང་པ་དང་འབྲེལ་ནས་དེ་ལ་སྐུལ་ཁྲིད་བྱས་བཅས་ནས་འཕེལ་རྒྱས་བཟང་པོའི་ལམ་དུ་ཕྱོགས་ཐུབ་ཡོད།  2024ལོར་ཞིང་ར་དེས་ཁྱོན་ས་ཞིང་སྤྱི་ཆིང133.33འཁོར་རྒྱུག་བྱས་ཤིང་། གཉེར་སྐྱོང་གི་ཡོང་འབབ་སྒོར་ཁྲི102ལ་བསླེབས། ཚན་རིག་དང་མཐུན་པའི་རྨོ་ཞིང་གི་ཕན་འབྲས་དང་ཐོན་ལས་གོང་སྤེལ་བྱེད་སྟངས་བཅས་ཁྱབ་གདལ་དང་བཀོལ་སྤྱོད་བཟང་བོ་ཐུབ་ཡོད་དོ། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章