རང་རེའི་དྲ་བའི་འཕྲིན། ཟླ1ཚེས23ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་གཅིག་པ་བསྡུས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་དུ་བྱེད་པ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ལ་རང་འགུལ་དང་ཧུར་ཐག་གིས་ཞབས་འདེགས་ཞུ་བ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས་རང་ཞིང་གི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་བསྒྲུབས་པའི་ཚུན་གྱི་ལས་དོན་ཁག་སོ་སོར་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་འགོད་པའི་དམིགས་བསལ་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲི་ལྕི་ཞིང་འོས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་བཏང་སྟེ་བློ་དཀར་ཁག་ཁུར་གྱི་འདུ་ཤེས་འཛུགས་རྒྱུ་དེ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་འཛིན་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་དམངས་ཆེན་བྱ་བར་སྤྱི་འདོམས་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དམངས་ཆེན་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་ནུས་ལྡན་སྒོས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་ལྟར་འགན་འཁྲི་མཐའ་འཁྱོལ་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་ཉར་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། ལྗང་མདོག་རྩིས་གློག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་མའི་ལས་འགན་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དམངས་ཆེན་གྱི་ཁག་ཁུར་མངོན་པར་བྱེད་དགོས། དམངས་གཙོ་ཁྲིམས་སྐྱོང་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་འཛིན་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་དང་འཕེལ་རྒྱས་གཏིང་ཟབ་གཏོང་བ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་པ་རྒྱུན་འཁྱོངས་བྱེད་པ། དམངས་ཆེན་ལས་དོན་སྔར་ལས་ཡུལ་བབ་དང་མཐུན་ཞིང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། དམངས་ཀྱི་འདོད་བློར་ཉན་པ། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། དམངས་ཚིས་ཕན་བདེ་བསྐྲུན་པ་བཅས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་གཙོ་དོན་འདི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་ནས་མངོན་པར་བྱེད་དགོས། ལས་ཁུངས་བཞི་འཛུགས་སྐྲུན་བྱས་ཏེ་སྲིད་གཙང་དམངས་ཆེན་བསྐྲུན་པ་ཐོག་མཐར་བར་གསུམ་དུ་ཁྱབ་པར་བྱས་ཏེ། རང་ངོས་འཛུགས་སྐྲུན་དུས་རྣམ་ཀུན་ཏུ་གོ་གནས་གལ་ཆེན་སྟེང་འཇོག་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱེད་པ། བསམ་བློ་དང་རྩ་འཛུགས། སྒྲིག་ཁྲིམས། བྱེད་ཕྱོགས་སོགས་ཀྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ལས་སྒྲུབ་ཞིབ་མོ་དང་ལས་སྒྲུབ་ལས་བརྩོན། ལས་སྒྲུབ་དག་གཙང་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ནས། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་ཏང་གི་སེམས་བདེ་ཞིང་། འཐུས་མི་དང་མང་ཚོགས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་ཤིག་ཏུ་འབད་པས་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་ནི་ཞིང་ཆེན་དམངས་ཆེན་གྱི་གནད་འགག་ཤིག་ཡིན་པས། སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་དང་མཐུན་སྒྲིལ་མཉམ་སྒྲུབ་རྒྱུན་འཁྱོངས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སྣེ་ཁྲིད་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྣེ་ཁྲིད་ནས་སྒྲིག་ཁྲིམས་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ། སྣེ་ཁྲིད་ནས་དངོས་སྒྲུབ་ཁག་ཁུར་བྱེད་ཕྱོགས་ནན་འཛིན་བྱེད་པ། སྣེ་ཁྲིད་ནས་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པ། མཐུན་སྒྲིལ་གྱི་འདུ་ཤེས་དང་མཉམ་ལས་འདུ་ཤེས་དངོས་སུ་ཤུགས་དྲག་ཏུ་བཏང་སྟེ། སྲིད་གཙང་སྤྱོད་བཟང་དང་ལས་བསྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་འབད་པས་བསྐྲུན་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་དེ་ཆབ་སྲིད་གླེང་ཞིང་སྤྱི་ཡོངས་བསམ་པ། སྒྲིག་ཁྲིམས་སྲུང་ཞིང་ཁག་ཁུར་ཕོད་ལ། མཐུན་སྒྲིལ་ལ་མཁས་པའི་མགོ་ཁྲིད་ཐུན་མོང་ཅིག་ཏུ་འཛུགས་བསྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།