སྙན་རྩོམ། | དགེ་རྒན་གྱི་སེམས་གཅོང་། • གཡུ་ཆུང་དྲུག་དཀར།

文摘   2022-10-19 19:02   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

ཁ་བ་ཅན་གྱི་རྩོམ་རིག་དོ་ར།


« དགེ་རྒན་གྱི་སེམས་གཅོང་། »


     • གཡུ་ཆུང་དྲུག་དཀར།



ལྕགས་སྐུད་ལས་བཟོས་པའི་སེམས་འདི་
ནམ་ཡང་གཤིགས་པ་མེད་པར་
རང་ཕྲུག་གྲལ་མཐར་ལུས་རུང་
གཞན་ཕྲུག་གྲལ་མགོར་སྐྱེལ་མཁན་དེ་ཁྱེད་ཡིན་

ངར་ལྕགས་ལྟར་མཁྲེགས་པའི་ལུས་འདི་
རྒྱུ་སྐར་དང་ཟླ་བ་ལ་འགྲོགས་ནས་
ཆར་རླུང་དང་གྲང་ངར་གྱིས་གཙེས་རུང་
གཞན་ཕྲུག་ལ་བདེ་སྐྱིད་སྦྱིན་པོ་

རང་ཉིད་ཁོ་ནས་བརྗོད་ཤེས་པར་རློམས་པའི་
མི་ཆོས་ཀྱི་བསླབ་བྱའི་ཆར་དེ་
ཆད་མེད་ངང་དུས་ཐོག་ཏུ་འབབ་པ་
གཞན་ཕྲུག་ཚོའི་རྣ་བ་ལ་གཙེས་བྱུང་

ཁྱེད་ཀྱི་གོམས་གཤིས་སུ་སྒོམས་པའི་
ཆུང་རྒྱུགས་དང་ཆེ་རྒྱུགས་ངག་རྒྱུགས་
སྦྱོང་ཚན་དང་སྔོན་སྦྱོང་བསམ་སྦྱོང་
གཞན་ཕྲུག་ཚོའི་ལེ་ལོ་དེ་བཅོམས་སོང་

རང་ཉིད་ཀྱི་ལྟོགས་པ་དེ་གཟོད་བཞིན་
གཞན་ཕྲུག་ཀྱི་བཟའ་གཏུང་ལ་བཅུན་རུང་
ཁ་གྱོང་དང་རྣ་གྱོང་དེ་མཐོང་དུས
ཨ་གར་གྱི་གཉེན་པོ་དེ་སླེབས་སོང་

ཁྱེད་ནི་ངར་ལྕགས་གིས་བཟོས་པའི་
གྱད་མི་རླབས་ཆེན་དེ་ཨེ་ཡིན་
ངལ་བའི་ལན་ཆགས་དེ་མཁུར་ནས་
མི་ཚེ་ཨ་ཐང་རང་ཆད་སོང་

རང་ཉིད་ཀྱི་སྒོར་མོ་དག་འཁྱེར་ནས་
སྲོད་ལངས་ཀྱི་སྨན་བསྟེན་དུ་ཕྱིན་ཀྱང་
དུད་ཆང་དང་ཁ་ཚ་ཡིས་བཟོས་པའི་
ཉམས་ཆུང་གྱི་སྲོག་མགོ་དེ་མ་ཐོན་

བརྒྱ་ཤོར་གཅིག་ཐོབ་ཀྱི་ངལ་བས་
སེམས་པ་སྐྱིད་པོ་ཞིག་བྱུང་ན་
གཞན་ཕན་ལྷག་བསམ་གྱི་སེམས་ལ་
ནམ་ཡང་བར་ཆད་ཞིག་མ་གཏོང་

གཞན་གྱི་མཐོང་ཆུང་གི་མདའ་མོས་
སེམས་ཁམས་ཚལ་པ་རུ་བཏུབ་ཀྱང་
རང་རྟོན་དམ་བཅའ་དེ་མ་མཉེས་
དགེ་ཚོགས་རི་གཏོས་དང་མཉམ་སྲིད་

ལོ་རེའི་སློབ་ཐོན་ལ་ཉེ་དུས་
ཞེན་ཆགས་ཕྱི་མིག་དེ་ལྟ་བཞིན་
བྱ་ངན་རྨུགས་པ་བཞིན་ཡལ་ནས་
བཀྲ་ཤིས་ཁ་གཡང་ཡང་བརྗོད་སོང་

ལངས་ཚོའི་མེ་ཏོག་དེ་རྙིད་ཀྱང
མགོ་སྐྱེས་མཉམ་པའི་སློབ་བུ་དག་
ལན་ཆགས་བུ་ལོན་ལ་བཅོལ་ནས་
ཡར་ཐོན་རྔ་བོ་དེ་བརྡུངས་སོང་

གཞན་ཕྲུག་མེ་ཏོག་ལྟར་བཞད་ནས་
རྒྱལ་བསྐྲུན་གཟི་བརྗིད་དེ་ངོམ་དུས་
སྤྲེའུ་ཡི་གདོང་པ་ཞིག་འཁྱེར་ནས་
ནད་གཅོང་ལག་རྟགས་དེ་མཁུར་ཨང་

ལས་གནས་ཁྲི་འབུམ་སྟེང་ནས་
དགོད་སྒྲའི་མེ་ཏོག་བཞད་སྐབས་
ང་ཡི་སེམས་གཅོང་སེལ་བའི་
དཀར་གསལ་ཟླ་བ་འདྲ་བྱུང་

སེམས་ཀྱི་གཟབ་ས་ཞིག་ཏུ་
ཞབས་འདེགས་རི་མོར་བཀོད་ནས་
རྨི་ལམ་ཀྱི་དྲྭ་བའི་ངོས་སུ་
ཡང་ཡང་འཆར་བའི་ཁྱེད་ཚོ་

ཞི་མཐུན་ལངས་ཚོ་ངོམས་ནས་
གླིང་བཞི་ཕྱོགས་མཐའ་བསྐོར་བའི་
འཕྲིན་ཕྲན་འདབ་མ་རེ་རེ་
ང་སེམས་སྨན་གྱི་རིལ་བུ་

གྱེར་ཀློག ▶ བོད་རིགས་སློབ་མ་དག་ལ་སྤྲིངས་པའི་སེམས་བྲིས།


སྔར་སྤེལ་ཟིན་པའི་སྙན་ངག་གྱེར་འདོནགྱི་ལེ་ཚནདག་ལ་ཟིགས་པརདགའ་བསུ་ཞུ། 

གྱེར་འདོན། | ངས་མིག་ཆུ་གཏོང་མི་སྲིད། | ཤངས་རླབས་ཀྱིས་གྱེར།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་འདོན། | མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད།

བོད་ཀྱི་གྲྭ་གཞོན་ངག་རྩལ་པ་བོད་ལྕེའི་གྱེར་འདོན་བརྩམས་ཆོས།

སྒྲ། •  རྩེ་གདོང་རིག་པའི་བདག་པོ་ལ། ཨ་ཁུ་སྟོན་པའི་དགོས་པ་མེད།

གྱེར་འདོན། •གཅིག་ལས་མེད་པའི་མི་ཚེ། | ངམ་རིང་བ། ངུར་སྨྲིག་བདག་པོ།

གྱེར་ཀློག | གྱང་རོ་རྙིང་པ། | ཤངས་རླབས་ཀྱིས་གྱེར།

གྱེར་ཀློག • དཔེ་དེབ་ལགས། | མཐོང་གྲོལ་ལྷ་མོས་གྱེར།

གྱེར་ཀློག • མེ་ཏོག་གཅིག་གི་ལས་དབང་། ཤངས་རླབས་ཀྱིས་གྱེར།

སྡང་ཞིང་འབྱུང་ལྡོག་ངེས་པའི་གླུ་ཆུང་། • ཤངས་རླབས་ཀྱིས་གྱེར།

གྱེར་ཀློག  • ལོ་གསར་ལ་ཕུལ་བའི་སྨོན་ཚིག་རེ་བའི་ཚིག་གསུམ།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་ཀློག • རླབས་ཆེན་གྱི་བྱམས་ལྡན་མ།

གྱེར་ཀློག • བྱམས་ལྡན་གྱི་ལྷ་རྗེ་རྣམས་ལ་ཕུལ་བའི་ཀ་ཕྲེང་།

རྟག་བརྟན་མེད་པའི་མི་ཚེ། • ཀ་ཁའི་དབྱངས་རྟས་གྱེར།

ད་ནི་ང་རང་ངོ་མ་ལོག་རན། • ཤངས་མྱུ་གུས་གྱེར།

ཨ་མ་ལགས། ང་སློབ་གྲྭར་གཏོང་རོགས། •ཤངས་རླབས་ཀྱིས་གྱེར།

རྩྭ་ཐང་དྲན་གླུ།  • ཤངས་རླབས་ཀྱིས་གྱེར།

གྱེར་འདོན། རྟའུ་ལགས། /心中的道孚

ང་ཚོ་མུ་མཐུད་འགྲེང་དགོས། • སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

ཡིད་རེ་སྐྱོ། •ཤངས་པ་ཚེ་དབང་། • ཤངས་རླབས་ཀྱིས་གྱེར།

བརྗོད་ཀྱི་མི་ལང་བའི་ངང་ནས་སྤྱོད་ངན་གོམས་འདྲིས་སུ་འགྱུར་བཞིན་ཡོད།

ལྷ་བབས་དུས་ཆེན་གྱི་ངོ་སྤྲོད།  • ཤངས་རླབས་ཀྱིས་གྱེར།

ཕ་ཡུལ་གྱི་ཤབ་ཆུ་གཙང་པོར་ཉན་པ། •སྨྱུག་སྨྱོན། •ཤངས་རླབས་ཀྱིས་གྱེར།

朗诵▶【见与不见】

སང་ཉིན། བོད་ལ་ལོག་འགྲོ། • ཤངས་རླབས་ཀྱིས་གྱེར།

དགེ་ཆོས་རྒྱང་འབོད།  •སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

སྐྱེས་བུ་ང་།  •ལྷག་བསམ། •ཤངས་རླབས་ཀྱིས་གྱེར།

བརྩེ་དུང་གི་ཆར་ཆུ། • གཏིང་རྨོངས་བུ། • ཤངས་རླབས་ཀྱིས་གྱེར།

མ་འོངས་པའི་ང་རང། • ཤངས་རླབས་ཀྱིས་གྱེར།

གྱེར་འདོན།   ཕ་སྐད། དོ་ནུབ་ཁྱོད་བདེ་མོ་ཡིན་ནམ།

གྱེར་འདོན།  ཚངས་དབྱངས་རྒྱ་མཚོ།

• ཆེས་སྙན་པའི་གྱེར་ཀློག

གྱེར་འདོན།  བུ་ལ་གནང་བའི་སྙན་ངག

གྱེར་འདོན། ངས་དྲང་བདེན་གྱི་ཉི་འོད་འཚོལ་བཞིན་ཡོད།



རྩོམ་བསྐུར་ཡུལ།👇

རྩོམ་ལུས་རང་མོས།

   གཙོ་སྒྲིག་པ། ཤངས་རླབས།XL  འཕྲིན་ཕྲན། 17888083483  



ད་དུང་ཤེས་བྱ་གཞན་དག་ལ་གཟིགས་འདོད་ཚེ།  མུ་མཐུད་འཕྲིན་སྟེགས་འདིར་ཚང་མས་དོ་ཁུར་རེ་རེ་གནང་རོགས།



 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!

 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང། །

卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章