སྟག་གི་སྙན་རྩོམ་ཞར་བཀོད་གསུམ།

文摘   2024-10-24 15:31   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

ཁ་བ་ཅན་གྱི་རྩོམ་རིག་དོ་ར།


ལྐུགས་པའི་སྡུག་བསྔལ། 


                          སྟག

ངས་བཤད་བསམ་པ་དེ་བཤད་ཐུབ་མི་འདུག
ཁྱོད་ཀྱི་ལྐོག་གྱུར་གྱི་ངོ་མདོག་ལན་ནམ
ང་ཡི་སྨྲ་ལྕེ་ལྐུགས་པའི་ལན
གང་ལྟར་ངས་སྐད་ཆ་ངོ་མ་དེ་བཤད་ཐུབ་མི་འདུག
འཇིག་རྟེན་ན་ལྐུགས་པའི་སྡུག་བསྔལ་ཤེས་མཁན་རང་ཉིད་ལས་སུ
མུན་པའི་གྲོང་ཁྱེར་རྫོབ་པོ་དེ
འོད་ཀྱི་ཤེས་རབ་ཀྱིས་ཐེངས་གཅིག་བཀྲུས་ན་ཆོག་གམ


2024-6-24



འཇའ་ཡི་རི་མོ།
                
      སྟག

ནམ་མཁའ་ནས་ཆར་བ་འབབ་ཅིང་ཉི་འོད་འཕྲོས
ཆུ་ཡི་རྡུལ་ཕྲན་ཕྲ་མོ་ཉི་མའི་གཞོང་པར་བབས
རྟེན་འབྲེལ་གྱི་དབང་གིས
Qའཇའ་ཡི་རི་མོ་ཞིག་བཞད
དེ་དུས་ང་ལོ་ཆུང་བས
Qའཇའ་ཡི་མཛེས་སྡུག་ལ་ཞེན་ནས་མཚར་སྣང་གིས་ལྟ་མྱོང
སྟོང་བསམ་གྱིས་བདའ་མྱོང་
དགུན་གཞུང་གི་ཟླ་བ་འདི་དག་ལ
ངས་ནམ་རྒྱུན་Qགྱི་འཇའ་གུར་དེ་རིག་ན་འདོད་པས
མཚན་གཞུང་གི་སྐར་ཚོགས་ལ་ལྟས
རྒྱང་ནས་ཤར་བའི་ཡིད་དབང་གི་Qའཇའ་གུར་དེ
བཀྲག་མདངས་དང་འཇོ་སྒེག་གིས་ཕྱུག་པས
རྒྱང་རིང་ནས་ལྟས་ན་འཛིན་སྙིང་འདོད་པ་ཞིག་ཡོད་ཅིང
ཉེ་བར་བཅར་ན
མག་མོག་དང་སྐྱ་བོར་གྱུར་ཅིང
ནམ་ཞིག་གི་ཚེ་ན་དེ་ཙམ་ཡིད་དུ་མི་འོངས་པའི་ཟོལ་ལྟ་ཞིག་མཆིས
དེ་དུས
ཁྱོད་ཀྱི་མཚར་སྡུག་ལ་གས་གྲུམ་ཤོར་བ་ཡིན་ནམ
ང་ཡི་འཛིན་བྱེད་ལ་ཆགས་སྐྱོན་ཤོར་བ་ཡིན


2024-5-31ཉིན་ཧོར་ཤུལ་སློབ་གླིང་ནས་བྲིས།



གཞོན་པའི་ལང་ཚོ།
                   སྟག


ལང་ཚོ་ནི
མེ་ཆུའི་བར་ན་དཔྱང་པའི་ཕྱེ་ལེབ་དཀར་པོ་ཞིག
ཕྱེ་ལེབ་དེས
མེ་ལྕེ་དང་ལྷན་དུ
རྦ་རླབས་དང་མཉམ་དུ
ལོ་ཟླ་འཛུབ་རྩིས་ཀྱིས
རྒྱང་རིང་བའི་མེ་ཏོག་གི་སྐྱེད་ཚལ་ལ་སྨོན་ཞིང་སྒུག
མེ་ཏོག་གི་འདབ་མ་མ་འཐོར་གོང
ལང་ཚོ་ཡི་བཀྲག་མདངས་ཡལ་སོང


2024-7-10ཉིན་གསེར་བྲིས་ལས་ཤག་ཁང་ནས་བྲིས།
2024-7-22བསྐྱར་དུ་བཅོས་ཏེ་སྤེལ།




ཞོར་དུ་གཤམ་འོག་གི་སྙིང་རྟགས་👍ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་广告ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་།


卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章