གྱེར་ཀློག ▶ ༧རྗེ་བཙུན་བླ་མར་བསྟོད་པ།

文摘   2022-10-17 21:15  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

ཁ་བ་ཅན་གྱི་རྩོམ་རིག་དོ་ར།

 

   


༄༅། །རྗེ་བཙུན་བླ་མར་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ།


རྩོམ་པ་པོ།   གངས་གཅེས་པ།

སྙན་སྒྲོན་མཁན།  གངས་གཅེས་པ།


བསླབ་གསུམ་རྒྱན་གྱི་གོ་ཆ་ལེགས་པར་སྤུད། །

གསང་གསུམ་མི་ཟད་འཁོར་ལོ་བར་མེད་སྐོར། །

སྐུ་གསུམ་ཀུན་འདུས་རྩ་བའི་བླ་མ་སྟེ། །

མཆོག་གསུམ་དབྱེར་མེད་དགེ་བའི་བཤེས་ལ་འདུད། །


ཉོན་མོངས་གདོད་ནས་དག་པས་མི་ཡི་ཕུད། །

འཆད་རྩོད་རོ་མངར་བསྟིམས་པས་མཁས་པའི་ཕུད། །

མདོ་སྔགས་ལེགས་བཤད་སྨྲ་བས་ཆོས་པའི་ཕུད། །

ཕུད་གསུམ་དཀོན་མཆོག་གསུམ་ལ་གཅིག་ཏུ་མཆོད། །


འདི་ན་ཆོ་ངེ་དྲག་པོ་རབ་སྒྲོག་པའི། །

སྐལ་ལྡན་ཐར་འདོད་རྣམས་ཀྱི་མགོན་གཅིག་པུ། །

རྗེ་བཙུན་བླ་མ་བློ་བཟང་ཐར་པ་ལ། །

དང་བའི་ཡིད་ཀྱིས་བསྟོད་པ་བྱེད་ལ་སྤྲོ། །


རབ་བྱུང་བཅོ་ལྔའི་ས་བྱ་ལོ་ཡི་དུས། །

དབང་ཕྱོགས་དབུས་སྟོད་མལ་གྲོ་དག་ཞིང་ནས། །

བདག་ཅག་འགྲོ་བའི་མགོན་རབ་མཆོག་གྱུར་ཞིག །

ནམ་མཁའི་ནོར་བུ་ལྟ་བུར་ངང་གིས་ཚེས། །


པཎ་ཆེན་བཅུ་པ་ཆེན་མོའི་མཛད་བཟང་གི །

དབྱར་སྐྱེས་རྔ་སྒྲ་ཐོས་པས་གཙུག་ཕུད་ཅན། །

རབ་ཏུ་མྱོས་བཞིན་བསྟན་འགྲོའི་བྱ་བ་ལ། །

འཇུག་པར་སྤྲོ་བ་དམ་པའི་རང་བཞིན་ཉིད། །


ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཞེས། །

ཡང་ཡང་དགོངས་བཞིན་ལམ་འབྲོག་དགེ་བའི་བཤེས། །

སྲོག་བཞིན་གོང་དུ་བཀུར་བའི་འདུལ་འཛིན་པ། །

རྗེ་བཙུན་བློ་བཟང་ཐར་པའི་རྣམ་ཐར་བསུ། །


དམར་སེར་ཐུན་མཚམས་ལང་ཚོའི་དཔལ་འཛིན་ཅིང་། །

བྱང་ཆུབ་སེམས་དཔའི་ངང་མོ་ཐུགས་མཚོར་རོལ། །

རབ་སྙན་སྒྲ་དབྱངས་ལྷ་མོའང་སྐྱེངས་མཛད་པའི། །

ཞི་བསིལ་རོ་མཆོག་དཔྱིད་ཀྱི་རྒྱལ་མོའི་གླུ། །


འོད་དཔག་མེད་མཚུངས་པཎ་ཆེན་བཅུ་པ་ཡི། །

བཀའ་བཞིན་འབྲོག་རི་མི་འཇིགས་ལྷུན་པོའི་སྤོར། །

ཐུབ་གསུང་གཡུ་རལ་རྒྱས་པའི་གདོང་ལྔ་ཅན། །

ཆོས་ཀྱི་གད་རྒྱངས་ད་བར་ཟམ་མི་ཆད། །


འཛམ་གླིང་སྤྱི་ལ་སྨན་པའི་ནང་ཆོས་འདི། །

མ་ཉམས་རྒྱུན་གནས་དགོས་ན་དམངས་ཚོགས་ཀྱི། །

གོ་རྟོགས་མཐོ་རུ་གཏང་རྒྱུ་གཙིགས་ཆེ་ཞེས། །

ངག་གི་དབང་ཕྱུག་རོལ་བའི་ཞལ་ལས་གསུངས། །


གཅིག་ནས་གླིང་བར་འདི་ལ་ཟེར་བརྒྱ་སྦྱིན། །

གཉིས་ནས་ཐར་པའི་ལམ་ལ་ཡང་དག་བཀྲི། །

གསུམ་ནས་གྲྭ་རྐྱང་རིགས་སྨྲའི་སྐྱིད་གླུ་ལེན། །

རྗེ་བཙུན་བློ་བཟང་ཐར་པའི་རྣམ་ཐར་བསུ། །


བློ་བཟང་ཐར་པའི་མཚན་གྱི་སྙན་པ་དེ། །

ས་འཛིན་དཀར་པོའི་ལྗོངས་འདིར་ཐོས་ཙ་ན། །

ཡིན་ཚུལ་མིན་ཚུལ་གླེང་བའི་ཐལ་སྒྲ་མཁན། །

གཞན་དག་ལ་ནི་གུས་པ་ལྷོད་པར་གྱུར། །


བརྗིད་དོ་གངས་རིའི་ཁྲོད་ན་ཇོ་རི་བཞིན། །

ཁྱེད་སྐུ་དད་ལྡན་དབུས་ན་བཞུགས་པ་ཡང་། །

སྙན་ནོ་དྲི་ཟའི་པི་ཝང་འཁྲོལ་བ་བཞིན། །

ཁྱེད་གསུང་དམ་ཆོས་བདུད་རྩི་བོད་འབངས་ལ། །


ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ནི། །

ཁོག་པའི་སྙིང་དང་མིག་གི་འབྲས་བུ་ལྟར། །

སྡོམ་གསུམ་མ་ཉམས་མི་ཡི་རབ་དང་ཕུལ། །

རྗེ་བཙུན་བློ་བཟང་ཐར་པའི་རྣམ་ཐར་བསུ། །


བལྟས་སྣང་དབུ་ལ་གཙུག་ཏོར་མགོ་ལ་ནི། །

གདེངས་ཀ་མེད་ཀྱང་སངས་རྒྱས་ཀླུ་སྒྲུབ་དང་། །

གཉིས་སུ་མ་མཆིས་སྙིགས་དུས་སེམས་ཅན་གྱི། །

སྐྱབས་ས་རེ་ས་ཁྱེད་ལས་གཞན་མ་མཆིས། །


དང་པོ་ཐོས་བསམ་ཀློང་ནས་སྙིང་པོ་བཙལ། །

བར་དུ་བསྒོམ་པའི་ལམ་ནས་ལྟ་སྒྲུབ་རྙེད། །

མཐའ་མ་ཉམས་ལེན་ངང་ནས་མི་ཚེ་ཟད། །

རྗེ་བཙུན་བློ་བཟང་ཐར་པའི་རྣམ་ཐར་བསུ། །


བློ་བཟང་རྒྱལ་བ་གཉིས་པ་བསྐྱར་དུ་ནི། །

བྱོན་འདྲའི་བླ་མ་མཚན་དཔེ་བཟང་པོའི་སྐུ། །

ཐར་པ་བསྒྲུབ་ལ་རེམ་པའི་མོས་བུའི་སླད། །

མི་འགྱུར་ལྷུན་དུ་བཞུགས་པའི་གསོལ་བ་འདེབས། །


  ཞེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་ལྡན་སྙན་གྲགས་སམ་རྗེ་བཙུན་བླ་མ་བློ་བཟང་ཐར་པ་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་འདི་ནི་སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བ་བདུན་པའི་ཚེས་པ་གསུམ་ལ་མ་འོངས་སངས་རྒྱས་རྗེབཙུན་བྱམས་པ་མགོན་པོའི་ཞིང་མཆོག་དབྱེར་མེད་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཇུག་རྫོགས་པར་བྱས་པའི་ཡི་གེ་པ་ནི་བླ་མ་གང་ལ་དད་གུས་ཆེ་བའི་ཕྲན་བློ་དམན་པ་སྒའོ་དགོན་རིག་འཛིན་ནམ་གངས་མིང་འཛིན་པའོ། །



སྔར་སྤེལ་ཟིན་པའི་སྙན་ངག་གྱེར་འདོནགྱི་ལེ་ཚནདག་ལ་ཟིགས་པརདགའ་བསུ་ཞུ། 

གྱེར་འདོན། | ངས་མིག་ཆུ་གཏོང་མི་སྲིད། | ཤངས་རླབས་ཀྱིས་གྱེར།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་འདོན། | མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད།

བོད་ཀྱི་གྲྭ་གཞོན་ངག་རྩལ་པ་བོད་ལྕེའི་གྱེར་འདོན་བརྩམས་ཆོས།

སྒྲ། •  རྩེ་གདོང་རིག་པའི་བདག་པོ་ལ། ཨ་ཁུ་སྟོན་པའི་དགོས་པ་མེད།

གྱེར་འདོན། •གཅིག་ལས་མེད་པའི་མི་ཚེ། | ངམ་རིང་བ། ངུར་སྨྲིག་བདག་པོ།

གྱེར་ཀློག | གྱང་རོ་རྙིང་པ། | ཤངས་རླབས་ཀྱིས་གྱེར།

གྱེར་ཀློག • དཔེ་དེབ་ལགས། | མཐོང་གྲོལ་ལྷ་མོས་གྱེར།

གྱེར་ཀློག • མེ་ཏོག་གཅིག་གི་ལས་དབང་། ཤངས་རླབས་ཀྱིས་གྱེར།

སྡང་ཞིང་འབྱུང་ལྡོག་ངེས་པའི་གླུ་ཆུང་། • ཤངས་རླབས་ཀྱིས་གྱེར།

གྱེར་ཀློག  • ལོ་གསར་ལ་ཕུལ་བའི་སྨོན་ཚིག་རེ་བའི་ཚིག་གསུམ།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་ཀློག • རླབས་ཆེན་གྱི་བྱམས་ལྡན་མ།

གྱེར་ཀློག • བྱམས་ལྡན་གྱི་ལྷ་རྗེ་རྣམས་ལ་ཕུལ་བའི་ཀ་ཕྲེང་།

རྟག་བརྟན་མེད་པའི་མི་ཚེ། • ཀ་ཁའི་དབྱངས་རྟས་གྱེར།

ད་ནི་ང་རང་ངོ་མ་ལོག་རན། • ཤངས་མྱུ་གུས་གྱེར།

ཨ་མ་ལགས། ང་སློབ་གྲྭར་གཏོང་རོགས། •ཤངས་རླབས་ཀྱིས་གྱེར།

རྩྭ་ཐང་དྲན་གླུ།  • ཤངས་རླབས་ཀྱིས་གྱེར།

གྱེར་འདོན། རྟའུ་ལགས། /心中的道孚

ང་ཚོ་མུ་མཐུད་འགྲེང་དགོས། • སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

ཡིད་རེ་སྐྱོ། •ཤངས་པ་ཚེ་དབང་། • ཤངས་རླབས་ཀྱིས་གྱེར།

བརྗོད་ཀྱི་མི་ལང་བའི་ངང་ནས་སྤྱོད་ངན་གོམས་འདྲིས་སུ་འགྱུར་བཞིན་ཡོད།

ལྷ་བབས་དུས་ཆེན་གྱི་ངོ་སྤྲོད།  • ཤངས་རླབས་ཀྱིས་གྱེར།

ཕ་ཡུལ་གྱི་ཤབ་ཆུ་གཙང་པོར་ཉན་པ། •སྨྱུག་སྨྱོན། •ཤངས་རླབས་ཀྱིས་གྱེར།

朗诵▶【见与不见】

སང་ཉིན། བོད་ལ་ལོག་འགྲོ། • ཤངས་རླབས་ཀྱིས་གྱེར།

དགེ་ཆོས་རྒྱང་འབོད།  •སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

སྐྱེས་བུ་ང་།  •ལྷག་བསམ། •ཤངས་རླབས་ཀྱིས་གྱེར།

བརྩེ་དུང་གི་ཆར་ཆུ། • གཏིང་རྨོངས་བུ། • ཤངས་རླབས་ཀྱིས་གྱེར།

མ་འོངས་པའི་ང་རང། • ཤངས་རླབས་ཀྱིས་གྱེར།

གྱེར་འདོན།   ཕ་སྐད། དོ་ནུབ་ཁྱོད་བདེ་མོ་ཡིན་ནམ།

གྱེར་འདོན།  ཚངས་དབྱངས་རྒྱ་མཚོ།

• ཆེས་སྙན་པའི་གྱེར་ཀློག

གྱེར་འདོན།  བུ་ལ་གནང་བའི་སྙན་ངག

གྱེར་འདོན། ངས་དྲང་བདེན་གྱི་ཉི་འོད་འཚོལ་བཞིན་ཡོད།



རྩོམ་བསྐུར་ཡུལ།👇

རྩོམ་ལུས་རང་མོས།

   གཙོ་སྒྲིག་པ། ཤངས་རླབས།XL  འཕྲིན་ཕྲན། 17888083483  



ད་དུང་ཤེས་བྱ་གཞན་དག་ལ་གཟིགས་འདོད་ཚེ།  མུ་མཐུད་འཕྲིན་སྟེགས་འདིར་ཚང་མས་དོ་ཁུར་རེ་རེ་གནང་རོགས།



 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!

 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང། །


卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章