གྱེར་ཀློག | རྩོམ་ལམ་མྱོང་རོལ། • གཡུ་ཆུང་དྲུག་དཀར་ནས།

文摘   文化   2024-04-13 20:43   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

ཁ་བ་ཅན་གྱི་རྩོམ་རིག་དོ་ར།

སྒྲ་ཕབ་སྒྲིག་བཟོ་དང་སྙན་སྒྲོན་པ།  ཤངས་རླབས།


རྩོམ་ལམ་མྱོང་རོལ།

གཡུ་ཆུང་དྲུག་དཀར།

  བགྲང་བྱ་དུ་མའི་སྔོན་དུ་ཁྱེད་འགོག་བགྲོད་རྒྱག་པ་ཙམ་ནས་གྲོང་ཁྱེར་གྱིས་མུ་མཐའ་གཤགས་སྟེ་མཐའ་ཡས་ཀྱི་རྩ་ཐང་འགྲིམ་འགོ་བརྩམས་ཁྱར་ཁྱོར་དུ་བགྲོད་པའི་ཁྱེད་ལྟེས་དབང་ཞིག་གིས་ངའི་ཡ་ཆུང་སེམས་ཀྱི་མེ་ལོང་དུ་འཆར་རེད་ལགས་དེ་དུས་རྩོམ་གཙོ་རྒན་གྲས་དེས་ང་ལ་ཡི་གེ་ཞིག་དང་སྦྲགས་ཐོག་ནས་དངུལ་ལེན་པའི་གཤོག་བྱང་ཞིག་བསྐུར་འདུག་རྩོམ་འབྲིའི་ནུས་པ་འདུག་མུ་མཐུད་རྒྱུན་འཁྱོངས་བྱ་དགོས་’’ཞེས་པའི་ཡིག་འབྲུ་ཐུང་ཐུང་དེས་ང་ལ་བསྐུལ་ལྕགས་ལྷད་མེད་གནང་ ང་དང་ཁྱེད་འཕྲད་པའི་ཐོག་མའི་དམིགས་ཡུལ་ནི་སྦྲགས་ཐོག་ནས་ལེན་རྒྱུ་ཡོད་པའི་དངུལ་ལེན་གཤོག་བྱང་དེས་དེ་བས་འགོགས་པ་མེད་པའི་སྟོབས་ཤུགས་ཞིག་སྦྱིན་དངུལ་གྱི་ཁ་གྲངས་དེ་ཉུང་ཉུང་ཡིན་རུང་དེ་ནི་རང་གིས་ངལ་རྩོལ་འབྲས་བུ་ཐོག་མ་དེ་ཡིན། ངས་གཤོག་བྱང་དེ་སྔས་འོག་ཏུ་བཅུག་པ་དང་ཡང་སྔས་འོག་ནས་བཏོན་པ་སོགས་ཐེངས་མང་བྱས་པའི་དགའ་ཚོར་གྱི་སེམས་རྒྱུ་ཕྲ་མོ་ནི་དེང་སང་ཕལ་ཆེར་རླངས་འཁོར་ཆུང་གྲས་ཉོ་བ་དང་ཨ་ན་མ་ན་ཡིན།།    

  སྐབས་དེ་དུས་ཁྱེད་ཀྱི་མཛེས་པའི་ཉམས་དེས་ང་སེམས་དབང་མེད་དུ་འཕྲོག་པ་མ་ཡིན་པར་ ལུང་ཁུག་སྐྱོ་པོ་ཞིག་ནས་གྲོང་ཁྱེར་ན་སློབ་གཉེར་བྱེད་བཞིན་པའི་ང་རང་ལ་མཚོན་ན་ཆེས་མཁོ་བ་ནི་ལག་དངུལ་ཉུང་ཤས་ཡིན་པས་རང་གིས་ངལ་རྩོལ་འབྲས་བུ་ལས་བྱུང་བའི་དངུལ་ལོར་དེ་ཇི་ལྟར་ཉུང་རུང་སེམས་ཀྱི་རྟ་བོ་དེ་ཐང་གཤོངས་ཡངས་པོར་ཤོར་སྟེ་འདི་དང་དེ་ཉོ་བའི་བསམ་བློ་གང་མང་བཏང་ཐར་ཉལ་ཁང་གཅིག་པའི་སློབ་མ་རྣམས་ལ་ཇ་མངར་བརྒྱད་དམ་གང་ཉོས་ནས་མཉམ་དུ་ལོངས་སྤྱོད་དང་སྦྲགས་གྲོང་ཁྱེར་ནང་ཁུལ་ནས་ཡིན་པའི་བོད་ཡིག་ཆོ་མེད་དུ་བསམ་མཁན་སློབ་མ་དག་ལ་བོད་ཡིག་སྦྱོང་རྒྱུའི་བསྐུལ་མ་ཡང་མི་ཉུང་བ་བྱས་མ་ཟད་ དེ་བས་ཕྱིས་ནས་རང་ཉིད་ཀྱིས་ལག་པ་མང་ཙམ་འགུལ་རྒྱུའི་འཆར་བཀོད་བྱས་པ་ཡིན་ཡིན་ན་འང་བཟོ་བཟོ་ཐང་ཁུག་སྟོང་པའི་དཔེ་བཞིན་དཔེ་ཀློག་ལ་གོམས་བྲིས་མེད་ཚེ་སྨྱུག་རྩེ་འགུལ་མི་ཐུབ་པས་དུས་དེ་ནས་གཟུང་ངས་འཚོ་བརྟེན་ལ་ཅུང་ཟད་ཕན་ཕྱིར་དཔེ་ཀློག་ལ་ཧུར་བརྩོན་བྱས་  ཁྱེད་འཚར་ལོངས་ཀྱི་་མྱུ་གུ་ལ་སད་སེར་མེད་ཅིང་ཡལ་ག་དང་ལོ་མ་རྒྱས་ནས་རྗེས་རབས་པ་ཚོ་ལ་འབྲས་བུ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཀྱང་སྟེར་དགོས་སྙམ། །

  དེ་དུས་གཞིས་རྩེ་དགེ་འོས་སློབ་གྲྭའི་དཔེ་མཛོད་ཁང་ཆེན་ན་་བོད་རྒྱ་ཡིག་རིག་་གཉིས་ཀྱི་དཔེ་དེབ་སྣེ་ཁ་མཛོམས་ཀྱང་དཔེ་དེབ་གཡར་མི་དཀོན་པས་དེབ་ཁང་ཨ་ལྕག་ཚོ་དང་ང་ངོ་ཤེས་སུ་འགྱུར་ནས་ཁོང་ཚོས་དེབ་ཁང་ལྡེ་མིག་ང་ལ་རྩིས་སྤྲད་པ་ཡང་ཉུང་ཉུང་མིན་ དཔེ་ཁང་གི་ཟུར་ཞིག་ན་དཔེ་ཀློག་ཁྲི་འབུམ་བྱས་འགྱུར་ན་སྨྱུག་རྩེ་འགུལ་བར་ལྷ་ཡི་ཁ་ལོ་བསྒྱུར་ཞེས་དེ་མཐོང་ཐེངས་རེར དེ་ནི་ཁྱེད་ཀྱི་ང་ལ་གནང་བའི་མི་ཚེའི་གདམས་ངག་གཟབ་མོ་དེ་ཡིན་པའི་བློ་བསྐྱེད་བྱུང་ འདི་ནི་ཁྱེད་ཀྱིས་རྗེས་རབས་པ་ཚོ་ལ་བཞག་པའི་ལྷད་མེད་པའི་ལྷག་བསམ་གྱི་དར་དཀར་དེ་ཡང་ཡིན་སྲིད་ ངས་ང་གཉིས་བར་ན་ཡོད་པའི་བརྩེ་གདུང་ནི་དངུལ་ལེན་གྱི་གཤོག་བྱང་དེའི་ཆེད་དུ་བརྩོན་པའི་གྲུ་ཆུང་བཏང་ གཤོག་བྱང་དེ་ལག་ཏུ་ཐེབས་ཐེངས་རེར་ང་ལ་དཔེ་དེབ་ལྟ་བའི་འགུལ་ཤུགས་སྤྲད་ལ་ གཤོག་བྱང་དེ་ལག་ཏུ་ཐེབས་ཐེངས་རེར་ངས་ལག་པའི་སྨྱུ་གུ་དེ་འགུལ་མགོ་བཙུགས་སྐབས་རེ་ གཤོག་བྱང་འཁྱེར་ནས་གྲོང་ཁྱེར་སྦྲགས་སྲིད་ཁང་ནས་དངུལ་ལེན་པའི་རྨི་ལམ་སྐྱིད་པོ་དེ་འདྲ་བཏང་བ་ཡང་ཉུང་ཉུང་མིན་པས་ད་ཆ་བསམ་ཚེ་ཁོངས་དགོད་འཆོར། །

  ཐེངས་གཅིག་སྦྲགས་ཁང་བརྒྱུད་པའི་ཡི་གེ་དེ་ངའི་ལག་ཏུ་སྤྲད་དུས་ཏག་ཏག་སློབ་གསེང་ལུས་རྩལ་ཚར་ཙམ་རེད། འཛིན་བདག་ནས་ཁ་ཕྱེ་དང་གསུངས་དུས་རྩོམ་བཀོད་དུས་དེབ་དེ་དང་ལྷན་དུ་ངས་ཡུན་རིང་རེ་སྒུགས་བྱས་པའི་དངུལ་ལེན་གཤོག་བྱང་དེ་མཐོང་། ལོ་ངོ་ཉི་ཤུ་ལྷག་ཕྱིན་པའི་དེ་རིང་ཡང་ངའི་མིག་མདུན་དུ་སྐབས་དེའི་རྣམ་པ་དེ་རྒྱུན་མཐུད་གློག་བརྙན་ལྟ་བ་བཞིན་འཆར། སློབ་མ་ཁ་ཤས་ཀྱིས་མིག་ཟུང་འཁྱོག་པོར་ལྟ་བ་དང་སློབ་མ་ཁ་ཤས་ཀྱིས་མིག་ནས་འོད་གདངས་འཕྲོ་བཞིན་འདུག གང་ལྟར་ཡིད་སྨོན་གྱི་འོད་དང་མ་འདོད་པའི་འོད་རྣམས་གཞི་གཅིག་ཏུ་འདྲེས་ནས་ མཐར་སློབ་མ་ཚོ་ཁྱེད་ཀྱི་བློ་བགས་ཡངས་ཤིང་ཞི་འཇམ་གཤིས་བརྒྱུད་ལ་ཆགས་ནས་ཐེངས་དེའི་དུས་དེབ་དེ་ངའི་ལག་ནས་རྩ་སྟོང་དུ་འབོར་བ་དེས་ང་དང་ལོ་མཉམ་ན་གཞོན་ཚོས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་མཐོང་ཆེན་གནང་བ་མཚོན་ ཡིན་ནའང་ང་དང་ཁྱེད་ཀྱི་བརྩེ་བས་བཅིངས་པའི་དངུལ་ལེན་གཤོག་བྱང་དེ་ག་ལ་འབོར་སྲིད་ གཤོག་བྱང་དེས་ང་ལ་དཔེ་དེབ་ལྟ་བའི་ཁོམ་པ་སྟེར་ལ་ གཤོག་བྱང་དེས་ང་ལ་མདུན་བསྐྱོད་ལམ་དུ་སྒྱིད་ལུགས་བྱ་མི་རུང་བའི་བཀོད་པ་བཏང ་དེ་ནི་བརྩེ་གདུང་དེས་ང་བཞག་པའི་བསམ་བློའི་རྒྱགས་ཕྱེ་ཡག་ཤོས་དེ་ཡིན། །

  དུས་ཀྱིས་བསྐུལ་ནས་ནོར་འཛིན་དགའ་མས་གོས་བཟང་ཡང་ཡང་བརྗེས་པའི་རྗེས་ང་ཡང་ རྒྱལ་ཁབ་ཀྱི་ལས་བྱེད་པ་ཞེས་པའི་མཚན་སྙན་ཆེན་པོ་དེ་ཐོབ་ནས་ གླ་ཆ་རིམ་བཞིན་འཕར་འགྲོ་བས་ང་དང་ཁྱེད་ཀྱི་བརྩེ་བས་བཅིངས་པའི་དངུལ་ལེན་གཤོག་བྱང་མཁོ་བ་ཇེ་ཉུང་དུ་ཕྱིན་ལ་འཚོ་བའི་དམག་འཐབ་དྲགས་པོས་བཅིངས་ནས་ཁྱེད་དམན་ཤར་གྱི་མཛེས་ཆོས་ལ་སེམས་ཆགས་བྱ་ཁོམ་མེད་པར་ང་རའི་ཁྱིམ་ཚང་ཆུང་ཆུང་དེ་ནས་ཁྱིམ་འཛིན་མའི་འགན་མཁུར་རླབས་ཆེན་དེ་བསྒྲུབ་ཁུལ་དང་ལས་འབྲེལ་གྱིས་འཁྲོད་དུ་ཁོམ་པ་ཅུང་ཟད་བྱུང་ཚེ་དོན་མེད་ཀྱི་བྱ་བ་དག་ལ་མགོ་བོ་རྨོངས་ནས་རང་ཉིད་གྱི་དགའ་ཞེན་དེ་ལང་ལོང་འཚོ་བའི་རྦ་རླབས་ཀྱིས་འདེད་ནས་ཡུན་རིང་འགོར་

  འོན་ཀྱང་ང་དང་ཁྱེད་ཀྱི་བར་ཐག་རིང་པོར་གཏོང་མཁན་ནི་ དངུལ་ལེན་གྱི་གཤོག་བྱང་དེ་མ་ཡིན་པར་འཚོ་བའི་རྩིག་གསེང་ལས་ཉི་མ་མ་ཤར་བ་ཁོ་ནས་ལན་ མཚམས་དེར་ཀློག་པ་པོ་མང་པོའི་ཐུགས་ལ་སྐབས་དེའི་ང་གཉིད་ཐེབས་ཐེངས་མང་གཅོག་མཁན་གྱི་དངུལ་ལེན་གཤོག་བྱང་དེར་ཡང་སྙིང་དངུལ་གྲངས་ཇི་ཙམ་ཡོད་ཅེ་ན་ ཐེངས་དང་པོའི་རྩོམ་ཡོན་མི་དམངས་ཤོག་་སྒོར་བཅུ་གཅིག་དང་སྒོར་ཟུར་ལྔ་དེ་རྗེས་ལ་རྩོམ་ཡོན་་མང་ཤོས་་སྒོར་བཅོ་བརྒྱད་དངུལ་གྱི་ཁ་གྲངས་མང་ཉུང་དེ་ཕལ་ཆེར་ཡིག་འབྲུ་མང་ཉུང་ལ་བརྟེན་ནས་གཏན་འཁེལ་གནང་བ་མིན་ནམ་སྙམ་

  གཉེར་རིས་ཐོད་དུ་གཟེར་བའི་དེ་རིང་སླར་ངོ་ཤེས་རྙིང་པ་ལམ་ནས་འཕྲད་པ་བཞིན་དབང་མེད་དུ་འདས་ཟིན་པའི་ང་གཉིས་ཀྱི་གཤོག་བྱང་བརྩེ་གདུང་དེ་དྲན་ལ་གྲོང་ཁྱེར་གྱི་གྲུ་ཟུར་མང་པོ་ནས་ཁྱེད་མེ་ཏོག་བཞིན་བཞད་ཅིང་་ངའི་སྙིང་རུམ་ན་མི་ལོ་དུ་མར་ཡལ་དཀའ་བའི་འཇའ་ཚོན་ལྟར་བཀྲ་བའི་ཁྱེད་གཟུགས་དྲན་དུས་གལ་སྲིད་ཁྱེད་ནི་ད་ལྟ་མི་རིགས་ཞིག་གསོན་པོར་གནས་པའི་དཔངས་རྟག་ཡིན་ན་ང་ནི་མི་རིགས་དེ་ལས་མཆེད་པའི་རུས་རྐང་ཕྲ་མོ་དེ་བྱེད་འདོད་ཁྱེད་ནི་མི་རིགས་ཞིག་ལ་དབང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན་ལ་ཁྱེད་ནི་རླབས་ཆེན་གྱི་མི་རིགས་དེའི་དར་རྒུད་མཚོན་པའི་གཡུང་དྲུང་རི་མོ་དེ་ཡང་ཡིན། །

  ང་འདི་ལྟར་རྒས་འགྲོ་བ་འཇིགས་བརྟེན་གྱི་ཆོས་ཉིད་དང་མི་རྟག་པའི་རང་གཤིས་སུ་སོང་མོད་ ཁྱེད་ནི་ནམ་ཡངས་བུ་ཕྲུག་ཁྲི་འབུམ་གསོ་བའི་རླབས་ཆེན་གྱི་སྐྱེས་མ་ཞིག་བྱེད་དགོས་་་་ཁྱེད་ཀྱི་མངའ་འོག་ནས་འབུར་ཚུགས་སུ་ལྟ་བའི་མིག་གྲངས་མེད་ཡོད་ལ་ཁྱེད་ཀྱི་མཛེས་སྡུག་ལ་ཆགས་ཞིང་ རང་ཉིད་ཀྱི་དད་ཞེན་གསོ་བའི་མི་རིགས་འདིའི་བདག་པོ་འམ་འཕྲིན་སྐྱེལ་བ་དུ་མས་ ཁྱེད་བསྙོར་སྐྱོངས་ལ་སྐུ་ལས་ཚད་མེད་སྐྱོན་ཞིང་ཁོང་ཚོའི་ལྷག་བསམ་ནི་རི་བོའི་སྤོ་ལས་མཐོ་ཞིང་ཕྱག་རྗེས་རྒྱ་མཚོའི་གཏིང་ལས་ཟབ། ཕ་མེས་མང་པོ་ཞིག་གི་གཅེས་པའི་སྲོག་ལྟར་ཁྱེད་ལ་བྱམས་སྐྱོང་བྱས་ཡོད་ལ། ད་ལྟ་ཡང་ཕུ་ནུ་མིང་སྲིང་མང་པོས་མཐའ་ནས་བསྐོར་སྟེ་དགའ་བའི་བཟོ་ལྟ་ལེགས་པའི་གོས་གཡོགས་པས།ཁྱེད་ད་ལྟ་སྤོབས་པ་མཐོ་པོས་སྐད་འཕྲིན་གྱི་ངོས་དང་འཁྱུགས་དབྱིངས་ཀྱི་ངོས་སོགས་འཆར་འཕྲིན་མང་པོའི་གསེང་ནས་འཛུམས་ཞལ་ངོམས་ཆོག་ལ། ཁྱེད་འཇལ་ཐེངས་རེར་ཐོག་མ་ནས་ངས་ཁྱེད་ལ་འཕོ་འགྱུར་དེ་ལྟ་བུ་འགྲོ་བར་ཡིད་ཆེས་དང་དད་པ་བརྟན། ང་གཉིས་ཀྱི་བརྩེ་གདུང་ནི་དངུལ་བྱང་གཤོག་ལྷེའི་གཟབ་ཚད་འབའ་ཞིག་ལས་མེད་པ་ག་ལ་ཡིན་དེ་ནི་སྨྲ་སྤོབས་ལས་འདས་པའི་ང་གཉིས་ཀྱི་སེམས་ན་འཁྲིག་འཁྲིག་ཏུ་གསལ་ཡོད།

  དེ་དུས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆ་རྐྱེན་ཞན་པས་ རྩོམ་པ་པོས་ཤུག་ཐོག་ནས་ཡི་གེར་བཀོད་རྗེས་སྦྲགས་ཁང་བརྒྱུད་བསྐུར་པ་དང་ གལ་སྲིད་ནང་དོན་གྱི་ཆ་རྐྱེན་ལྷད་མེད་ཚེ་རྩོམ་སྒྲིག་པས་གློག་ཀླད་ཐོག་ཏུ་མ་ཡིག་བཞིན་རེ་རེ་བཏགས་དགོས་་ སྐབས་དེ་དུས་ལས་ཁུངས་མང་པོར་མི་སྒེར་ཕར་བཞག་སྤྱི་ལ་གློག་ཀླད་ཡོད་པའང་ཉུང་ཉུང་ཡིན་ དྲྭ་རྒྱའི་ཆ་རྐྱེནབཟང་བའི་དེ་རིང་གནས་ཚུལ་དེ་ཡིད་ལ་བརྣགས་སྐབས་མགྲིན་པའི་ངོས་སུ་བསྐྱུར་ཅང་ཅང་ཞིག་དང་ལྷན་དུ། དེ་རིང་གི་སྨྱུག་རྩེ་འགུལ་བའི་དམིགས་ཡུལ་ནི་སྐབས་དེའི་རྩོམ་སྒྲིག་པ་རྒན་ལགས་ཁོང་དང་འདྲ་བར་སྔ་ཕྱི་བར་གསུམ་དུ། ཁྱེད་གཉེར་སྐྱོང་བདག་གསུམ་གྱིས་ཆེད་དུ་སྐུ་ལས་ཚད་མེད་སྐྱོན་མཁན་ལས་དོན་མི་སྣ་ཡོངས་ཀྱི་སྒེར་སེམས་སྤུ་ཙམ་མེད་པར་རྔུལ་ཆུའི་ཐིགས་པ་པར་ངོས་སུ་ལྟར་དུ་འགྲིག་རྗེས། མཛེསསྡུག་ལངས་ཚོས་ཕྱུགས་པའི་མཛེས་མ་ཁྱེད་ཀློག་པ་པོ་རྣམས་ཀྱི་མིག་དབང་དུ་ལོངས་སྤྱོད་ཐུབ་པ་གནང་བར་བཀའ་དྲིན་དྲན་གསོ་དང་སྦྲགས། ཀྱག་ཀྱོག་ཀྱི་ལམ་ཕྲན་སྟེང་བྲག་ཆར་རླུང་འཚུབ་ཀྱི་ཁྱེད་ཀྱི་སེམས་བརླན་མ་མྱོང་ཞིང་། གངས་འཁྱགས་ཀྱི་ཁྱེད་ཀྱི་སྤོབས་པ་གཙེས་མ་མྱོང་ལ། སླད་སྨྱུག་འཛིན་པ་ཁྲི་མ་འབུམ་གྱི་རང་གི་སེམས་འཕྲིན་ཁྱེད་གཟུགས་སུ་ཕབ་ནས། ཡངས་ཞིང་རྒྱ་ཆེ་བའིགཞུངས་ལམ་ཞིག་ནས་སྔོན་ཐོན་གྱི་སྐད་ཡིག་གཞན་ལྟར་ཟླ་བའི་གོ་ལ་དང་སྐར་མའི་གོ་ལར་འཛེགས་རྒྱུའི་སྙིང་སྟོབས་རྒྱས་ངེས་རེད།།

སྔར་སྤེལ་ཟིན་པའི་སྙན་ངག་གྱེར་འདོནགྱི་ལེ་ཚནདག་ལ་ཟིགས་པརདགའ་བསུ་ཞུ། 


གྱེར་འདོན། | ངས་མིག་ཆུ་གཏོང་མི་སྲིད། | ཤངས་རླབས་ཀྱིས་གྱེར།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་འདོན། | མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད།

བོད་ཀྱི་གྲྭ་གཞོན་ངག་རྩལ་པ་བོད་ལྕེའི་གྱེར་འདོན་བརྩམས་ཆོས།

སྒྲ། •  རྩེ་གདོང་རིག་པའི་བདག་པོ་ལ། ཨ་ཁུ་སྟོན་པའི་དགོས་པ་མེད།

གྱེར་འདོན། •གཅིག་ལས་མེད་པའི་མི་ཚེ། | ངམ་རིང་བ། ངུར་སྨྲིག་བདག་པོ།

གྱེར་ཀློག | གྱང་རོ་རྙིང་པ། | ཤངས་རླབས་ཀྱིས་གྱེར།

གྱེར་ཀློག • དཔེ་དེབ་ལགས། | མཐོང་གྲོལ་ལྷ་མོས་གྱེར།

གྱེར་ཀློག • མེ་ཏོག་གཅིག་གི་ལས་དབང་། ཤངས་རླབས་ཀྱིས་གྱེར།

སྡང་ཞིང་འབྱུང་ལྡོག་ངེས་པའི་གླུ་ཆུང་། • ཤངས་རླབས་ཀྱིས་གྱེར།

གྱེར་ཀློག  • ལོ་གསར་ལ་ཕུལ་བའི་སྨོན་ཚིག་རེ་བའི་ཚིག་གསུམ།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་ཀློག • རླབས་ཆེན་གྱི་བྱམས་ལྡན་མ།

གྱེར་ཀློག • བྱམས་ལྡན་གྱི་ལྷ་རྗེ་རྣམས་ལ་ཕུལ་བའི་ཀ་ཕྲེང་།

རྟག་བརྟན་མེད་པའི་མི་ཚེ། • ཀ་ཁའི་དབྱངས་རྟས་གྱེར།

ད་ནི་ང་རང་ངོ་མ་ལོག་རན། • ཤངས་མྱུ་གུས་གྱེར།

ཨ་མ་ལགས། ང་སློབ་གྲྭར་གཏོང་རོགས། •ཤངས་རླབས་ཀྱིས་གྱེར།

རྩྭ་ཐང་དྲན་གླུ།  • ཤངས་རླབས་ཀྱིས་གྱེར།

གྱེར་འདོན། རྟའུ་ལགས། /心中的道孚

ང་ཚོ་མུ་མཐུད་འགྲེང་དགོས། • སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

ཡིད་རེ་སྐྱོ། •ཤངས་པ་ཚེ་དབང་། • ཤངས་རླབས་ཀྱིས་གྱེར།

བརྗོད་ཀྱི་མི་ལང་བའི་ངང་ནས་སྤྱོད་ངན་གོམས་འདྲིས་སུ་འགྱུར་བཞིན་ཡོད།

ལྷ་བབས་དུས་ཆེན་གྱི་ངོ་སྤྲོད།  • ཤངས་རླབས་ཀྱིས་གྱེར།

ཕ་ཡུལ་གྱི་ཤབ་ཆུ་གཙང་པོར་ཉན་པ། •སྨྱུག་སྨྱོན། •ཤངས་རླབས་ཀྱིས་གྱེར།

朗诵▶【见与不见】

སང་ཉིན། བོད་ལ་ལོག་འགྲོ། • ཤངས་རླབས་ཀྱིས་གྱེར།

དགེ་ཆོས་རྒྱང་འབོད།  •སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

སྐྱེས་བུ་ང་།  •ལྷག་བསམ། •ཤངས་རླབས་ཀྱིས་གྱེར།

བརྩེ་དུང་གི་ཆར་ཆུ། • གཏིང་རྨོངས་བུ། • ཤངས་རླབས་ཀྱིས་གྱེར།

མ་འོངས་པའི་ང་རང། • ཤངས་རླབས་ཀྱིས་གྱེར།

གྱེར་འདོན།   ཕ་སྐད། དོ་ནུབ་ཁྱོད་བདེ་མོ་ཡིན་ནམ།

གྱེར་འདོན།  ཚངས་དབྱངས་རྒྱ་མཚོ།

• ཆེས་སྙན་པའི་གྱེར་ཀློག

གྱེར་འདོན།  བུ་ལ་གནང་བའི་སྙན་ངག

གྱེར་འདོན། ངས་དྲང་བདེན་གྱི་ཉི་འོད་འཚོལ་བཞིན་ཡོད།



རྩོམ་བསྐུར་ཡུལ།👇

རྩོམ་ལུས་རང་མོས།

   གཙོ་སྒྲིག་པ། ཤངས་རླབས།XL  འཕྲིན་ཕྲན། 17888083483      

འཕྲིན་སྟེགས་འདིར་ཚང་མས་དོ་ཁུར་རེ་རེ་གནང་རོགས།



 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!

 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང། ། 


卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章