གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས། སྤུན་ཟླ་ལགས།
བོད་ནུབ་རྒྱུད་མུ་ཏིག་ལ་བསྔགས་པའི་ཀ་བཤད་ཅོ་ཀའི་དྲུག་གྱུར།
ཨེ་བསོད་ཕུན་ནས།
ཀ་དག་རླབས་ཆེན་ཏང་གི་ཡང་དག་སྲིད་ཇུས་མཁའ་ལམ་ན།
ཁ་མཐུན་དམངས་ལ་མཁོ་བའི་མཛད་ཕྱོགས་ཐབས་ལམ་ཉི་མ་ཤར།
ག་ལེར་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དྲོ་སྐྱིད་འོད་སྣང་ལས།
ང་ཅག་བོད་ཀྱི་ནུབ་རྒྱུད་མུ་ཏིག་གྲགས་པའི་མངའ་རིས་སྐྱིད།
ཅ་རིལ་གངས་ཀྱི་བསྐོར་བའི་སུམ་རྩེན་ཡུལ་མཆོག་ཞིང་ས་རུ།
ཆ་མཉམ་མི་རིགས་མི་འདྲ་སུམ་བཅུའི་གནས་ཀྱི་ས་བོན་འཚུགས།
ཇ་ཤིང་བརྟན་ལྷིང་སྤྱི་ཚོགས་ཞི་དེའི་མེ་ཏོག་ལྷུག་པོར་བཞད།
ཉ་གང་ཕྱོགས་ཁག་མགྲོན་པོ་བུང་བ་བཞིན་དུ་འཁོར་བའི་གནས།
ཏ་ཟིག་ནོར་འགྲན་དཔལ་འབྱོར་དབྱར་ཆུའི་རྦ་སྒྲ་ལིང་སི་ལིང་།
ཐ་གྲུའི་རྒྱལ་ཁམས་འཕེལ་རྒྱས་གསར་པའི་གླུ་སྒྲ་སྙན་སེ་སྙན།
ད་ལྟ་དམངས་ཀྱི་བཞིན་ལ་དགའ་བའི་འཛུམ་མདངས་རྒྱས་སེ་རྒྱས།
ན་ཀྲའི་གྲོང་ཁྱེར་འབྱོར་ཕྱུག་འཚོ་བ་གསར་པ་སྐྱིད་སེ་སྐྱིད།
པ་ལོའི་ལྗོན་ཤིང་ལྕུག་ཕྲན་གཡོ་བའི་འདབ་ལོ་ཐགས་སུ་བཀྲ།
ཕ་མེས་ཡུལ་ནས་གནས་པའི་བྱེ་རླུང་ཤུལ་མེད་རྒྱང་དུ་དོར།
བ་མོ་ནོར་ནག་གཡང་དཀར་རི་དྭགས་ནམ་མཁའི་རྒྱུ་སྐར་བཞིན།
མ་བཅོས་སྣོད་བཅུད་ལེགས་པའི་འཛིན་མའི་ཡང་རྩེ་ལྟ་ན་སྡུག
ཙ་བ་རྩེ་ནས་བཀུལ་བའི་མཐའ་སྲུང་སྲིད་ཇུས་དྲི་བཞོན་དེ།
ཚ་གྲང་ཉི་མའི་གཉེན་བཞིན་དབྱིག་འཛིན་ཕང་བར་ལྡང་བའི་དུས།
ཛ་དྲག་རྒྱལ་སྲུང་བྱ་གཞག་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས།
ཝ་ལེར་གསན་དང་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་མཁའ་ལ་འཕྱུར།
ཞ་གོས་ཚར་དུ་མངར་བའི་བ་གམ་ཁང་པ་སུམ་རྩེན་གནས།
བཟའ་བཏུང་ཅི་གར་རོལ་བའི་སྤུན་ཟླའི་མི་རིགས་བདེ་ལ་འཁོད།
འ་ཅག་ས་མཐོའི་ཤེས་དཔལ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་འདི།
ཡ་རབས་བཟང་བའི་འབྲོག་པའི་བློ་ཁ་དེང་རབས་ཅན་ལ་ཕྱོགས།
ར་བ་ཀེ་ལ་ཤ་ཡིས་ཡོངས་བསྐོར་བོད་ནུབ་མངའ་རིས་ལ།
ལ་རྒྱའི་རིགས་ཁག་སྐྱེ་རྒུའི་བདེ་སྐྱིད་གསར་པའི་ཉི་མ་ཤར།
ཤ་ཚ་ཏང་གི་བཀའ་དྲིན་དྲན་པས་མཛའ་མཐུན་གཅིག་ཏུ་འབྲེལ།
ས་ཆ་འདི་རུ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱས།
ཧ་ཅང་བཟང་བའི་སྤྱི་ཚོགས་རིང་ལུགས་གསར་པའི་གྲུ་ཆར་འདིས།
ཨ་སྔོན་དམངས་ཀྱི་འཚོ་བའི་ཞིང་ཐང་གྲུ་བཞིར་འབབ་པ་ཡིས།
ཧ་ལས་ཧང་སངས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྲས་བུ་སྨིན།
ཨ་ཁུ་འབྲོག་པས་སྐྱིད་པའི་ལ་གླུ་ཧ་ཧ་ལེན་སེ་ལེན།
ཨ་ཅང་དུས་གསར་བོད་ནུབ་གདོང་ལེན་དབང་ཕྱོགས་ལྷུན་པོ་ནས།
ཧ་ལམ་བསྒྱུར་བཅོས་གསར་པའི་ཉིན་བྱེད་འོད་ཟེར་རབ་འཕྲོས་པས།
ཨ་སྔོན་དགུང་གྱི་གསར་བརྫེའི་མངའ་རིས་སྙན་པའི་གྲགས་པ་རྒྱས།
ཧ་ཅང་མདུན་གྲལ་བཞི་ཡི་འཛུགས་གཏོད་མེ་ཏོག་འདི་ན་བཞད།
ས་ལེ་སྦྲམ་གྱི་རྒྱན་པའི་ནུབ་བོད་འཛིན་མའི་སྐྱེད་ཚལ་རུ།
ཤ་རུས་འདྲེས་པའི་རིག་ཁག་མི་རིགས་མཐུན་སྒྲིལ་སེ་འབྲུའི་རྡོག
ལ་ལུང་ཁག་ན་དོན་ཆེན་བཞི་ཡི་འཛུགས་སྐྱོང་དཔལ་གྱི་བརྗིད།
ར་བ་ཁང་ཁྱིམ་གནས་སྤོས་ཐབས་ལམ་དམངས་ཀྱི་སེམས་པ་མགུ།
ཡ་རབས་དམ་ཚིག་མཐུན་པའི་མི་རིགས་དགའ་འཛོམས་སྐྱིད་སེ་སྐྱིད།
འ་ཅག་ལྷན་དུ་འཛུགས་སྐྱོང་བཞི་ཡི་བྱ་བར་འབད་སེ་འབད།
ཟ་བཏུང་བདེ་སྐྱིད་འཚོ་བའི་འཛུམ་མདངས་ཞལ་ནས་རྒྱས་སེ་རྒྱས།
ཞ་གོས་གྱོན་པ་འཚར་བའི་དགའ་སྤྲོའི་རྣམ་པ་མཛེས་སེ་མཛེས།
ཝ་ལེར་གཞུང་ལུགས་གསལ་བའི་མ་ལེ་རིང་ལུགས་ལྷ་ལམ་ན།
ཛ་དྲག་སློབ་སྦྱོང་བྱེད་པའི་ཆུ་འཛིན་འདབ་མ་ལྷུག་པོར་བཞད།
ཚ་གྲང་སྙོམས་པའི་དེང་རབས་སློབ་གསོའི་བྱ་གཞག་སྦྲང་ཆར་འབབ།
ཙ་བ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དབྱར་མཚོ་རྒྱས།
མ་བཅོས་དམངས་ཀྱི་འཚོ་བ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དང་གཅིག
བ་ཉལ་མཛོ་གྲོད་འགྱིད་ལུགས་ཅན་གྱི་གང་ཟག་མེད་དང་གཉིས།
ཕ་མར་བྱམས་སེམས་ཤེས་དཔལ་དམངས་གཙོ་དར་བའི་སྤྱི་ཚོགས་གསུམ།
པ་ཕས་གཙོ་བྱས་ཞི་མཐུན་ཁྱིམ་གཞིས་དགའ་བའི་མངའ་རིས་སྐྱིད།
ན་གཞོན་ཡོངས་ནས་སྲུང་སྐྱོང་གཉིས་ཀྱི་བསམ་བློའི་རྨང་གཞི་ཚུགས།
ད་དུང་སྤུན་ཟླའི་ཞིང་ཆེན་ཁག་གི་རོགས་སྐྱོར་སྲིད་ཇུས་བཟང་།
ཐ་གྲུ་ཞིང་ཐང་གྲུ་བཞིར་མི་ཟོས་རྩ་རའི་འདབ་ལོ་རྒྱས།
ཏང་སྲིད་པད་མ་བཞད་པའི་དྲང་བདེན་དམངས་ཕན་བྱ་གཞག་དར།
ཉ་ཆུའི་བརྩེ་སེམས་དམངས་དམག་འཆམ་མཐུན་བརྩེ་བ་ཟབ་པ་དང་།
ཇ་ལོའི་སྲོག་ཤིང་རྒྱས་པའི་གུང་ཁྲན་ཏང་མཆོག་ནོར་བུའི་ཏོག
ཆ་འཇོག་གཏན་འཁེལ་གཉིས་ཀྱི་བསམ་བློ་འགྱུར་མེད་བྲག་ལ་བཅོལ།
ཅ་འབྱིད་གཡོ་ལྷད་མེད་པའི་རྒྱལ་གཅེས་དགེ་མཚན་ཀུན་ལ་དར།
ང་ཅག་ཀྲུང་ཧྭ་མི་རིག་སྐྱར་དར་བླབས་ཆེན་བྱ་གཞག་དང་།
གངས་ལྗོངས་ས་མཐོའི་རང་སྐྱོང་ལམ་ལུགས་སྲ་ཞིང་གཏན་པ་སོགས།
ཁ་བའི་ལྗོངས་ཀྱི་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཚོ།
ཀ་རྟེན་ལྟ་བུའི་རྒྱལ་ཁབ་བདག་པོར་འགྱུར་བའི་མངའ་རིས་སྐྱིད།