བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པའི་སྐོར་ནས་ཅུང་ཟད་བཤད་པ།

文摘   2023-12-06 10:29   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས། སྤུན་ཟླ་ལགས།

༄༅། །བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པའི་སྐོར་ནས་ཅུང་ཟད་བཤད་པ།


གསུང་མཁན།———བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག


. བསྙེན་གནས་ཡན་ལག་བརྒྱད་པ།

  བསྙེན་གནས་ཀྱི་སྡོམ་པ་བླངས་ན་ཕན་ཡོན་ཤིན་ཏུ་ཆེ་ཡང་དེའི་བསྲུང་བྱའམ་བསླབ་བྱ་རྣམས་ལེགས་པར་མ་བསྲུང་ན་ཉེས་དམིགས་ཧ་ཅང་ཆེ་བས་ཅིས་ཀྱང་བསྲུང་དགོས། བསྲུང་འདོད་ན་ཐོག་མར་དེ་དག་གང་ཡིན་ཤེས་དགོས་ཏེ། མ་ཤེས་པར་བླང་དོར་བྱེད་ཚུལ་མེད་པའི་ཕྱིར་ཏེ། ལྟུང་བ་འབྱུང་བའི་རྒྱུ་བཞི་ལས། མི་ཤེས་པའི་གཉེན་པོར་ནི། བསླབ་བྱ་རྣམས་མཉན་ནས་ཤེས་པར་བྱ་དགོས་པར་གསུངས་པ་ལྟར་ཡིན་པས་སོ།།
དེང་སང་བསྙེན་གནས་ཀྱི་སྡོམ་པ་ལེན་མཁན་མང་ཡང་བསྲུང་བྱ་ཅི་ཡིན་ཤེས་མཁན་ཧ་ཅང་དཀོན་པར་སྣང་། ཕལ་མོ་ཆེས་སྡོམ་པ་དེ་བླངས་པ་ལ་ཉིན་དེར་གུང་ཚིགས་བྱེད་པ་ཙམ་དེའི་བསྲུང་བྱ་ཆེས་གལ་ཆེ་བ་དང་ཆེས་གཙོ་བོ་ལྟ་བུར་བརྩི་བ་ལས་བསྲུང་བྱ་གཞན་ལ་བསམ་བློ་ཙམ་ཡང་གཏོང་གིན་མི་འདུག དེ་ནི་རྩ་བ་དང་ཡན་ལག་བརྗེས་པ་ཡིན་པས་ཧ་ཅང་མི་འཚམས་པ་ཞིག་གོ།

  འོ་ན་འདིའི་བསྲུང་བྱ་གང་དག་ཡིན་ཞེ་ན། རྩ་བ་བཞི་དང་ཡན་ལག་བཞི་ཡོད། རྩ་བ་བཞི་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། བརྫུན་དུ་སྨྲ་བ་རྣམས་སོ།། དེ་ཡང་སྡོམ་པ་བླངས་པའི་ཉིན་དེར་སྲོག་གཅོད་ལ་འཇུག་གཏན་ནས་མི་རུང་། ཐ་ན་ཤིག་ཙམ་ཡང་གསོད་མི་རུང་མོད། འོན་ཀྱང་སྡོམ་པ་གཏོང་བྱེད་ནི་སྲོག་གཅོད་ཡིན་ཚད་ལ་མི་བྱེད་པར་མིའམ་མིར་ཆགས་གསོད་པ་ལ་བྱེད་དོ།། སྤྱིར་སྲོག་གཅོད་བྱེད་པ་ལ་ཉེས་པ་ཆེ་ཞིང་སྡོམ་པ་ཡོད་པའི་ཉིན་དེར་སྲོག་གཅོད་བྱས་ན་ཉེས་པ་ཤིན་ཏུ་ལྕི་ཞིང་། མིའམ་མིར་ཆགས་བསད་ན་སྡོམ་པ་གཏོང་ངོ་།།
  དེ་ནས་མ་བྱིན་ལེན་པའམ་རྐུ་བྱེད་མི་རུང་། སྤྱིར་རྐུ་བྱས་ན་ཉེས་པ་ཆེ་ཞིང་སྡོམ་པ་བླངས་ཡོད་པའི་ཉིན་དེར་རྐུ་བྱས་ན་ལྷག་པར་ཡང་ཉེས་པ་ལྕི་བར་མ་ཟད། རྫས་རིན་ཐང་ཚང་བ་བརྐུས་ན་སྡོམ་པ་གཏོང་ངོ་།།
   དེ་ནས་མི་ཚངས་པར་སྤྱོད་པ་སྟེ། དགེ་བསྙེན་ལ་ལོག་གཡེམ་སྤང་བྱའི་རྩ་བ་ཡིན་ཡང་། བསྙེན་གནས་ལ་ནི་མི་ཚངས་སྤྱོད་སྡོམ་དགོས། སྡོམ་པ་ཡོད་པའི་ཉིན་དེར་ཁྱིམ་ཐབ་ཡིན་ཡང་མི་ཚངས་སྤྱོད་ལ་འཇུག་མི་རུང་་ངོ་།། ཞུགས་ན་སྡོམ་པ་གཏོང་ངོ་།།
   དེ་ནས་རྩ་བ་བཞི་བ་ནི་བརྫུན་དུ་སྨྲ་བ་སྟེ། སྤྱིར་ཡང་བརྫུན་བཤད་མི་རུང་མོད། འོན་ཀྱང་བརྫུན་བཤད་པ་ཙམ་གྱི་སྡོམ་པ་གཏོང་བར་མི་འགྱུར་རོ།། སྡོམ་པ་ཡོད་པའི་ཉིན་དེར་བདག་དགྲ་བཅོམ་པའམ། སངས་རྒྱས་བྱང་སེམས་ཡིན་ཟེར་བ་སོགས་སམ། བདག་ལ་མངོན་ཤེས་རྫུ་འཕྲུལ་ཐོབ་ཡོད་ཟེར་བ་ལྟ་བུའམ། བདག་གིས་ལྷ་མཐོང་འདྲེ་མཐོང་ཟེར་བ་སོགས་མི་ཆོས་བླ་མའི་བརྫུན་བཤད་ན་སྡོམ་པ་གཏོང་ངོ་།། འདི་དག་ལ་དམིགས་བསལ་ཡང་མེད་དོ།།
  དེ་ནས་ཡན་ལག་བཞི་ནི། ཆང་འཐུང་བ་སྟེ། འདི་ལ་གཏན་ནས་དམིགས་བསལ་མེད། ཅི་ལ་ཐུག་ཀྱང་ཆང་ཐིགས་པ་ཙམ་ཡང་འཐུང་མི་ཆོག་གོ། དེ་ནས་གར་སོགས་འཕྲེང་སོགས་ཏེ་གོང་དུ་བཤད་པ་ལྟར་ཡིན་ལ། ཉིན་དེར་རྒྱན་གོས་གསར་བ་མི་ཆོག་པ་མ་གཏོགས་སྔར་བཏགས་ཡོད་པ་རྣམས་ལེན་དགོས་པ་མིན་ནོ།། འདི་ལ་དམིགས་བསལ་ཡོད། གསུམ་པ་མལ་སྟན་ཆེ་མཐོ་སྟེ། མལ་སྟན་ཆེན་པོ་ཞེས་པ་རྩ་ཆེན་པོའམ་རིན་ཐང་གོང་ཚོད་ཆེན་པོ་ཅན་ལ་གོ་དགོས་ཤིང་། མཐོན་པོ་ཞེས་པ་མཐོ་ཚད་ཁྲུ་གང་ལས་འདའ་བ་ལ་བྱེད། འདི་ལའང་དམིགས་བསལ་ཡོད། ཕྱི་དྲོའི་ཁ་ཟས་སྤོང་བར་ཁས་ལེན་པ་སྟེ། ཉིན་གུང་དུས་ཚོད་གཉིས་ཕན་ཆད་འདའ་མི་རུང་ངོ་།། འོན་ཀྱང་འདི་ལའང་དམིགས་བསལ་ཡོད།



སྔར་སྤེལ་ཟིན་པའི་སྙན་ངག་གྱེར་འདོནགྱི་ལེ་ཚནདག་ལ་ཟིགས་པརདགའ་བསུ་ཞུ། 

གྱེར་ཀློག ▶ ལས་གནས་དང་བྲལ་ཚེ་ཁྱེད་གང་ཡང་མ་རེད། 离开了单位,你什么都不是。

འཁྱག་སིབ་སིབ། ▶ ཤངས་རླབས་ཀྱིས་གྱེར།

གྱེར་ཀློག ▶ བོད་རིགས་སློབ་མ་དག་ལ་སྤྲིངས་པའི་སེམས་བྲིས།

གྱེར་འདོན། | ངས་མིག་ཆུ་གཏོང་མི་སྲིད། | ཤངས་རླབས་ཀྱིས་གྱེར།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་འདོན། | མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད།

བོད་ཀྱི་གྲྭ་གཞོན་ངག་རྩལ་པ་བོད་ལྕེའི་གྱེར་འདོན་བརྩམས་ཆོས།

སྒྲ། •  རྩེ་གདོང་རིག་པའི་བདག་པོ་ལ། ཨ་ཁུ་སྟོན་པའི་དགོས་པ་མེད།

གྱེར་འདོན། •གཅིག་ལས་མེད་པའི་མི་ཚེ། | ངམ་རིང་བ། ངུར་སྨྲིག་བདག་པོ།

གྱེར་ཀློག | གྱང་རོ་རྙིང་པ། | ཤངས་རླབས་ཀྱིས་གྱེར།

གྱེར་ཀློག • དཔེ་དེབ་ལགས། | མཐོང་གྲོལ་ལྷ་མོས་གྱེར།

གྱེར་ཀློག • མེ་ཏོག་གཅིག་གི་ལས་དབང་། ཤངས་རླབས་ཀྱིས་གྱེར།

སྡང་ཞིང་འབྱུང་ལྡོག་ངེས་པའི་གླུ་ཆུང་། • ཤངས་རླབས་ཀྱིས་གྱེར།

གྱེར་ཀློག  • ལོ་གསར་ལ་ཕུལ་བའི་སྨོན་ཚིག་རེ་བའི་ཚིག་གསུམ།

གྱེར་འདོན། •  ཁྱོད་རང་དྲན་པའི་དུས་སུ།

གྱེར་ཀློག • རླབས་ཆེན་གྱི་བྱམས་ལྡན་མ།

གྱེར་ཀློག • བྱམས་ལྡན་གྱི་ལྷ་རྗེ་རྣམས་ལ་ཕུལ་བའི་ཀ་ཕྲེང་།

རྟག་བརྟན་མེད་པའི་མི་ཚེ། • ཀ་ཁའི་དབྱངས་རྟས་གྱེར།

ད་ནི་ང་རང་ངོ་མ་ལོག་རན། • ཤངས་མྱུ་གུས་གྱེར།

ཨ་མ་ལགས། ང་སློབ་གྲྭར་གཏོང་རོགས། •ཤངས་རླབས་ཀྱིས་གྱེར།

རྩྭ་ཐང་དྲན་གླུ།  • ཤངས་རླབས་ཀྱིས་གྱེར།

གྱེར་འདོན། རྟའུ་ལགས། /心中的道孚

ང་ཚོ་མུ་མཐུད་འགྲེང་དགོས། • སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

ཡིད་རེ་སྐྱོ། •ཤངས་པ་ཚེ་དབང་། • ཤངས་རླབས་ཀྱིས་གྱེར།

བརྗོད་ཀྱི་མི་ལང་བའི་ངང་ནས་སྤྱོད་ངན་གོམས་འདྲིས་སུ་འགྱུར་བཞིན་ཡོད།

ལྷ་བབས་དུས་ཆེན་གྱི་ངོ་སྤྲོད།  • ཤངས་རླབས་ཀྱིས་གྱེར།

ཕ་ཡུལ་གྱི་ཤབ་ཆུ་གཙང་པོར་ཉན་པ། •སྨྱུག་སྨྱོན། •ཤངས་རླབས་ཀྱིས་གྱེར།

朗诵▶【见与不见】

སང་ཉིན། བོད་ལ་ལོག་འགྲོ། • ཤངས་རླབས་ཀྱིས་གྱེར།

དགེ་ཆོས་རྒྱང་འབོད།  •སྨྱུག་སྨྱོན།• ཤངས་རླབས་ཀྱིས་གྱེར།

སྐྱེས་བུ་ང་།  •ལྷག་བསམ། •ཤངས་རླབས་ཀྱིས་གྱེར།

བརྩེ་དུང་གི་ཆར་ཆུ། • གཏིང་རྨོངས་བུ། • ཤངས་རླབས་ཀྱིས་གྱེར།

མ་འོངས་པའི་ང་རང། • ཤངས་རླབས་ཀྱིས་གྱེར།

གྱེར་འདོན།   ཕ་སྐད། དོ་ནུབ་ཁྱོད་བདེ་མོ་ཡིན་ནམ།

གྱེར་འདོན།  ཚངས་དབྱངས་རྒྱ་མཚོ།

• ཆེས་སྙན་པའི་གྱེར་ཀློག

གྱེར་འདོན།  བུ་ལ་གནང་བའི་སྙན་ངག

གྱེར་འདོན། ངས་དྲང་བདེན་གྱི་ཉི་འོད་འཚོལ་བཞིན་ཡོད།



རྩོམ་བསྐུར་ཡུལ།👇

རྩོམ་ལུས་རང་མོས།

   གཙོ་སྒྲིག་པ། ཤངས་རླབས།XL  འཕྲིན་ཕྲན། 17888083483  

ད་དུང་ཤེས་བྱ་གཞན་དག་ལ་གཟིགས་འདོད་ཚེ།  མུ་མཐུད་འཕྲིན་སྟེགས་འདིར་ཚང་མས་དོ་ཁུར་རེ་རེ་གནང་རོགས།


 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!


 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང་། །

ངེད་རྩོམ་རིག་སྤྱི་སྟེགས་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཀློག་པ་པོས་གཤམ་ནས་དགའ་རྟགས་རེ་རེ་ཡིན་ཆེས་གནང་རོགས།

卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章