གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས། སྤུན་ཟླ་ལགས།
རྡོ་སྔོན།ཤིང་།
ཧན་ཀཱང་གིས་བརྩམས།
འབྲོང་གིས་བསྒྱུར།
ལོ་ངོ་བཅུའི་སྔོན་ལ་རྨི་ལམ་དུ་རྨིས་པའི རྡོ་སྔོན ད་དུང་ཆུ་ཕྲན་དེའི་གཏིང་དུ་ཨེ་ཡོད་དམ
ང་རང་ཤི་འདས་བྱུང་ཚར ཤི་རྗེས་དཔྱིད་ཉིའི་ཁྲོད་ཀྱི་ཆུ་འགྲམ་དུ་ཆས ཨ ཤི་བ་དངོས་གནས་བཟང གསལ་ལྷང་ངེར སྲིང་བལ་ཇི་བཞིན ཡང་ཞིང་འཕྱོ
ཕྱི་གསལ་ནང་གསལ་གྱི་ཆུ་རིས་འོག་ཏུ དཀར་ཞིང་རྒྱགས་པའི གྲམ་རྡོ་མཐོང་བྱུང ཇི་འདྲའི་གསལ་སྣང་ཆེ་བ་ལ གཅིག གཉིས གསུམ
མ་གཞིར་སྔར་བཞིན་དེ་ག་ན་འདུག སྔོ་དྲག་པས་ལྷག་ཏུ་ཁ་ཁུ་སིམ་པོར་གྱུར་བའི རྡོ་སྔོན་དེ
དབང་མེད་དུ་ལག་པ་བསྲིང་ནས་འཐུ་འདོད་སྐྱེས དེ་མ་ཉིད་རྟོགས་སད་ཅིག་སྐྱེས་བྱུང དེ་ནི་ཡང་བསྐྱར་ཤི་སོས་འབྱུང་དགོས དེ་མ་ཉིད་སྙིང་གཟེར་ཅིག་ལངས་བྱུང དེ་ནི་ཡང་བསྐྱར་ཤི་སོས་འབྱུང་དགོས
ངས་མིག་ཟུང་ཕྱེས་དུས སྨག་རུབ་འདུག རྨི་ལམ་ཁྲོད་ཀྱི་མིག་ཆུ་སྔར་བཞིན་དྲོད་ཁོལ་ལྡན་པ་ལ
ལོ་ངོ་བཅུའི་སྔོན་ལ་རྨི་ལམ་དུ་རྨིས་པའི་རྡོ་སྔོན
ལག་ཏུ་འཐུ་ཉར་བྱས་ཤིང ཡང་བསྐྱར་དོར་ཨེ་ཡོད་དམ སུ་ཞིག་གིས་གཏིང་བརྗེད་དུ་སོང་ཨེ་ཡོད་དམ ཐོ་རེངས་དུས་ཀྱི་གཉིད་ཐུན་ཡང་མོའི་ཁྲོད འཛུལ་བའི་མཐིང་མདོག་གི་གྲིབ་གཟུགས་དེ་ཨེ་ཡིན་ནམ
ལོ་ངོ་བཅུའི་སྔོན་ལ་རྨི་ལམ་དུ་རྨིས་པའི རྡོ་བ་སྔོན་པོ་དེ
འོད་ལམ་ལམ་དུ་འཚེར་བའི་ཆུ་ཕྲན་དེར་ལོག་ཅིང ཆུ་ངོགས་བརྒྱུད་ནས་བལྟས་ན སྔར་བཞིན་གནས་དེ་ག་ན མིག་ཟུང་དྭངས་མོ་བཞིན་འཇམ་ཐིང་ཐིང་དུ་ཨེ་ཡོད་དམ།
རྡོ་སྔོན།ཤིང་།
ཧན་ཀཱང་གིས་བརྩམས།
འབྲོང་གིས་བསྒྱུར།