ན་ཆུངརྡུང་ལེན་པ་རིག་འཛིན་ཉི་མ་ཚེ་ལས་འདས་པའི་ཡིད་སྐྱོའི་ཞུ་འཕྲིན།

文摘   音乐   2024-04-04 07:05   四川  


བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག



ན་ཆུང་རྡུང་ལེན་པ་རིག་འཛིན་ཉི་མ་ནི་ཕ་ཡུལ་མགོ་ལོག་དར་ལག་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་ཡུལ་མི་དག་གིས་བསྟོད་བསྔགས་ཐོབ། ལྷག་པར་དུ་ཁོའི་ཐོག་མའི་སྐྱར་གཞས་༼་གཉན་པོ་གཡུ་རྩེའི་བུ་རྒྱུད་༽ཅེས་པ་ཕྱོགས་དང་རིས་སུ་མ་ཆད་པའི་ཉན་མཁན་མང་པོའི་སྙན་དབང་གསོ་བའི་བདུད་རྩི་རུ་གྱུར། དེར་བསྟུན་ཨ་མདོ་བརྙན་འཕྲིན་ཁང་དང་།  རྣམ་ཐར་ཚོགས་པ་སོགས་སྤྱིེ་སྒེར་མང་པོ་ཞིག་གིས་ཁོང་ལ་གཟིགས་མཐོང་ཆེན་པོ་མཛད་པས་མ་འོངས་པའི་གླུ་གཞས་སྒྱུ་རྩལ་གྱི་མདུན་ལྗོངས་ཀྱང་སྔར་ལས་ཡངས་པའི་རེ་འདུན་ཆེ་མོད།  སུས་ཀྱང་སྒྱུར་ཏུ་མི་བཏུབ་པའི་སྔོན་བྱས་ཀྱི་ལས་དབང་བཙན་པོས། ཁོ་ལ་བཅོས་སུ་མི་བཏུབ་པའི་ནད་ཀྱིས་ཐེབས།སྨན་དཔྱད་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཁོའི་དབྱངས་གསལ་སོ་བཞིའི་སྙན་དབྱངས་ཀྱི་རྒྱུད་སྐུད་དབང་མེད་དུ་ཆད་ནས་སྤྱི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ལ་ལྔ་ལམ་དུ་ཤོར།  དེ་ལྟ་ན་ཡང་རྣམ་ཤེས་ཁེར་རྐྱང་ཞིག་བེམ་པོའི་རྒྱ་དང་བྲལ་ནས་མཁའ་དབྱིངས་སུ་བསྐྱོད་སྐབས། གདུང་ཡུས་དང་ཕངས་སེམས་ཀྱིས་ཕན་པ་མེད་པར།  ཆེས་མཁོ་གལ་ཆེ་བ་ནི། མཆོག་གསུམ་ར་མདར་སྦྲན་ནས་དམ་པ་ཆོས་ཀྱི་བགོ་སྐལ་ཞིག་འགྱེད་ཨེ་ཐུབ་ལྟ་རྒྱུ་དེ།ཀུན་གྱིས་ཤེས་གསལ་ལྟར་ལགས་ན། འདིར་ཐུང་ཐུང་མྱུར་མྱུར་གྱིས་མ་ཎི་དུང་གཅིག་དང་འོད་མཚན་བྱེ་བ་གཅིག་ཨེ་འགྲུབ་ཀྱི་རེ་འདུན་ཟབ་པས།ཚུལ་འདི་ལ་གདུང་སེམས་ཆེ་བའི་སྤུན་ཟླ་རྣམས་པས་དེ་ལུགས་ཐུགས་ལ་འཇགས་པར་ཞུ་ལགས། 
 ཞེས་པ་འདི་ནི་བར་དོ་གསར་བ་སློབ་བུ་རིག་འཛིན་ཉི་མ་ལ་ཕན་པའི་བློས་འདས་པོ་གང་གི་དགེན་མིང་འཛིན་པ་ཁྱུང་ཆེན་མིང་གིས་འཕྲལ་དུ་ཐོས་པས་མི་རྟག་སྐྱོ་བས་ཡིད་མྱོས་བཞིན་འཕྲལ་དུ་སྤེལ་བའོ།། 



                    ད་ཐེངས་འོག་གི་གླུ་བརྙན་འདི་དག་ནི་མཚར་གྱིས་སྤེལ་བ་མ་ལགས་ཏེ། གཅིག་ཏུ་འདས་པོ་ཁོང་གི་མི་ཚེའི་བརྩམས་ཆོས་ཡིན་པས་དང་། གཉིས་སུ་འདི་དག་ལ་རྟེན་ནས་འདས་པོ་བར་དོ་གསར་བ་ལ་སྙིང་རྗེས་མ་ཎི་དང་འོད་མཚན་གྱི་ཆོས་སྦྱིན་རེ་ཨེ་བྱེད་བསམ་པ་ཡིན་ལགས། 




གོང་དུ་འདེམས་ཤོག་གི་ཚུལ་དུ་འདོན་གྲངས་སྐུར་མི་ཤེས་པ་དག་གིས་འོག་གི་དཔྱད་གླེང་དུ་འདོན་གྲངས་སྐུར་རོགས།ཞལ་དྲོ།



རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།། 

ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།། 

སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།

ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།




ཁྱེད་ཉིད་ཕེབས་བསུ་ཡོད།





བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།




琼秦扎巴 QiongQinZaba
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག། ཁྱུང་ཆེན་གྲགས་པ་སྒེར་གྱི་ལས་སྟེགས།🌹🤗
 最新文章