རག་ཡུག་གནས་ཚུལ་གསར་པ།

文化   2025-01-26 22:06   西藏  

ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་དང་འབྲེལ་བའི་དམིགས་བསལ་གྱི་གསར་འགྱུར་གལ་ཆེན། 

2025/1/23 གཟའ་ཕུར་བུ།


    ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་རང་གི་སྤྱི་ཚོགས་དྲྭ་རྒྱ་Truth Socialསྟེང་། ངས་ཨུ་རུ་སུར་གནོད་སྐྱེལ་འདོད་མེད། ང་ཨུ་རུ་སུའི་མི་དམངས་ལ་དགའ། ཐལ་མཐའ་ལྷུང་བའི་གཡས་ཕྱོགས་པ་(གུ་ཡངས་ཕྱོགས་འཛིན་མཁན།)ཚོའི་རྫུན་སྒྲོག་ལ་མ་ལྟོས་པར།  ང་དང་སྲིད་འཛིན་ཕུ་ཀྲན་བར་ནམ་རྒྱུན་འབྲེལ་བ་ཡག་པོ་ཡོད། ཨུ་རུ་སུས་ང་ཚོར་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་རྒྱལ་ཁ་ཐོབ་རྒྱུར་རོགས་རམ་དང་། དེའི་ཁྲོད་མི་ཕལ་ཆེར་ས་ཡ་ 60,000,000 བརླགས་ཟིན་པ་ནམ་ཡང་བརྗེ་མི་རུང་། 

    དེར་བརྟེན། ངས་དཔལ་འབྱོར་རྒུད་བཞིན་པའི་ཨུ་རུ་སུ་དང་། སྲིད་འཛིན་ཕུ་ཀྲན་ལ་རོགས་བྱ་རྒྱུ་ཡིན། ད་ལྟ་གྲོས་མཐུན་ཞོག། སྙིང་པོ་མེད་པའི་དམག་འཁྲུག་འདི་མཚམས་ཞོགས། འདི་སྡུག་ཏུ་འགྲོ་རྒྱུ་རེད། གལ་སྲིད་ང་ཚོས་གྲོས་མཐུན་ཞིག་མ་བཞག་ན། མགྱོགས་པོར་ཨུ་རུ་སུས་ཨ་རིར་བཙོང་བའི་ཚོང་ཟོག་དག་གི་སྟེང་ཚོང་ཁྲལ་དང་སྒོ་ཁྲལ། ཉེས་ཆད་ལྗིད་མོ་གཅོད་རྒྱུ་ལས་གདམ་ཀ་གཞན་མི་འདུག (དེའི་ཁྲོད་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཁན་གྱི་)རྒྱལ་ཁབ་གཞན་དག་ཀྱང་ཚུད་ཡོད། 
    ང་ཚོས་དམག་འཁྲུག་འདི་མཚམས་འཇོག་ཆོག ལས་ཀ་འདི་ང་ཚོས་ལས་སླ་བོའི་ངང་ནས་བྱ་ཐུབ། གཞན་ཐབས་ལམ་ཁག་པོ་ཞིག་བརྒྱུད་ནས་བྱ་དགོས། ཐབས་ཤེས་ལས་སླ་བོ་ནི་ནམ་ཡང་ཡག་ཤོས་དེ་རེད། ད་ལྟ་ཞི་འགྲིག་བྱ་རྒྱུའི་དུས་ལ་བབས་འདུག ཚེ་སྲོག་སྔར་ལས་མང་བ་ཞིག་འཆོར་དགོས་དོན་མི་འདུག་ཅེས་བྲིས། ཨུ་རུ་སུའི་གཞུང་གིས་འདིའི་ཐད་ད་ལྟ་བར་གང་ཡང་མ་བཤད།

    དེའི་ཚབ་ལ་ཨུ་རུ་སུའི་གསར་ཁང་དག་ཏུ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས། ཨུ་རུ་སུ་དམར་པོ་ནི་ཟུར་ནས་རོགས་བྱེད་མཁན་ཙམ་ཞིག་མ་ཡིན་པར། དམག་འཁྲུག་རྒྱག་མཁན་གཙོ་བོ་ཞིག་ཡིན་པ་དང་། ཨ་རིའི་རོགས་སྐྱོར་མ་འབྱོར་གོང་། ཨུ་རུ་སུའི་དམར་དམག་གིས། སི་ཏ་ལིན་གྷི་ར་ཀྲི་(Stalingrad) དང་། ཁར་སི་ཀི་ས་ཁུལ་སོགས་སུ་མཇར་མན་ནཱ་ཙེའི་དམག་མི་ལ་ཕམ་ཁ་ཚབས་ཆེན་སྤྲད་ཟིན་པ་སོགས། མཇར་མན་ནཱ་ཙེ་ཕམ་མཁན་དོན་དངོས་སུ་ཡིན་གྱི་རྩོད་པ་རྙིང་པ་དེ་བསླངས་ཞེས་སོགས་བཤད།



早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章