བྱང་སེམས་ཆེན་པོ་ཁྱེད་ཀྱིས་འཁྲུངས་སྐར་བསུ།

文化   2024-12-11 12:44   西藏  

                   ཁྱེད་ཀྱི་འཁྲུངས་སྐར་བསུ།

གྲངས་མེད་དཀྱིལ་ནས་ཡིད་དབང་ཤོར་ས་ཆོས་རྗེ་བླ་མའི་ཐུགས་སྲས་རྣམ་དག །

ཚུལ་མཐུན་ཁྲིམས་ཀྱི་དྲི་བསུང་འཐུལ་བའི་འཕགས་པའི་ཡུལ་གྱི་གནས་གཏན་ཇི་བཞིན། །

ཤེས་བྱའི་གནས་ལ་མ་ཐོས་མེད་པར་འཇམ་དཔལ་དབྱང་བཞིན་མཁྱེན་རྒྱ་ཆེ་བ། །

དད་དང་མོས་གུས་ལོང་ལོང་གཡོ་ས་སློབ་བུ་སྟོང་གི་བླ་མ་དམ་པ། །

ས་འོག་ས་སྟེང་ཆུ་གནས་ལ་སོགས་ཉམ་ཆུང་དུད་འགྲོའི་ཚེ་སྲོག་སྐྱབས་མགོན། །

མི་རིགས་ཤིག་གིས་སྲོག་རྩའི་དངོས་པོ་ཉམས་ལ་ཉེ་དུས་ཀ་ཁའི་སློབ་དཔོན། །

གྲངས་ཉུང་མི་རིགས་རྩ་གཏོར་ཉེ་དུས་ནད་པ་གཅིག་གིས་ནད་གཡོག་ཇི་བཞིན། །

མི་སེར་ལག་པ་ལས་ལ་བསྐོས་པའི་མི་རིགས་གཅིག་གི་འགས་ཁུར་ངོ་མ། །

འཛམ་གླིང་ཤར་ནུབ་མི་རིགས་ཕལ་ཆེར་ལུགས་གཉིས་བསླབས་པའི་སློབ་དཔོན་དམ་པ། །

ཁྱེད་སྐུ་འཁྲུངས་སྐར་བཀྲ་ཤིས་རྟེན་འབྲེལ་སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བཞུགས་ཤིག །

མི་དང་མི་མིན་ཀུན་གྱི་སྐྱབས་མགོན་དམ་པ་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱིས་༢༠༢༤/༡༢/༡༡ གནས་ངེས་མེད་ནས་ཕུལ། །



                                    


早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章