མི་འདིས་འགྲིམ་འགྲུལ་དོན་རྐྱེན་222བཟོས་ཏེ་ཁེ་ཕན་སྒོར་ཁྲི་33བླངས།

文摘   2024-10-22 09:51   西藏  

    ཧུའུ་པེའི་ཝུའུ་ཧན་གྱི་ལི་ཆེ་གེ་མོས་འགན་བཅོལ་ཀུང་སིའི་སྐྱིན་ཚབ་སྒོར་མོ་གཡོ་ལེན་བྱེད་ཆེད། ལོ་གཅིག་གི་དུས་ཚོད་ནང་བསམ་བཞིན་དུ་འགྲིམ་འགྲུལ་དོན་རྐྱེན་222བཟོས་ཏེ་ཁེ་ཕན་སྒོར་ཁྲི་33གཡོ་ལེན་བྱས། དོན་རྐྱེན་དེ་དག་འདྲ་སྦྱར་བྱས་པ་དང་འདྲ་སྟེ། སྔ་དགོང་གི་རླངས་འཁོར་མང་བའི་དུས་སུ་ལི་ཆེ་གེ་མོས་རྐང་བཙུགས་ནས་རླངས་འཁོར་མདུན་མ་དང་བར་ཐག་ངེས་ཅན་བཞག་ནས་རླངས་འཁོར་གཞན་ཞིག་བར་དུ་འཚང་སྐབས། གློ་བུར་དུ་ཇེ་མགྱོགས་ལ་བཏང་ནས་རླངས་འཁོར་གདོང་ཐུག་བཟོས་ཏེ། བར་དུ་འཚང་བའི་རླངས་འཁོར་ལ་འགན་ཡོངས་རྫོགས་ཡོད་པ་ལྟ་བུ་ཞིག་བཟོ་བཞིན་ཡོད། མིག་སྔར། དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་རེད།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章