འགུལ་རིས་འདི་དག་ལ་གཟིགས་དང་། ཁྱེད་རང་ད་དུང་ཐ་མག་འཐེན་ནུས་སམ།

文摘   2024-10-21 07:28   西藏  






    ཐ་མག་མི་འཐེན་མཁན་གྱི་གློ་བའི་ཚོས་གཞི་ནི་ཟིང་དཀར་ཡིན་པ་དང་། ཡིན་ན་ཡང་ཐ་མག་འཐེན་ནས་ལོ་15སོང་བའི་མིའི་གློ་བའི་སྟེང་གི་ཁྲ་ཐིག་ནག་པོ་དེ་དག་ནི་འཚིག་སྣུམ་སོགས་འབྲས་སྐྲན་འབྱུང་རྐྱེན་གྱི་དངོས་པོའི་སྙིགས་རོ་རེད།


    ད་དུང་། ཐ་མག་འཐེན་ནས་ལོ་30སོང་བའི་གློ་བ་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད། གློ་བ་ཆ་ཚང་ལ་སྣག་ཚ་ནག་པོ་བྱུག་པ་ལྟར་སྣང་ལ། གློ་བའི་སྟེང་གི་ནག་པོ་དེ་དག་ནི་འབྲས་སྐྲན་འབྱུང་རྐྱེན་ཞིག་རེད།


    2017ལོར་རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི《2017ལོའི་ཀྲུང་གོའི་འབྲས་སྐྲན་གྱི་ལོ་འཁོར་ཐོ་འགོདལས་མངོན་པར། ཀྲུང་གོའི་གློ་སྐྲན་ཕོག་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད་ཅིང་། ཆ་སྙོམས་བྱས་ན་སྐར་མ་རེར་མི་བདུན་ལ་གློ་སྐྲན་ཕོག་གི་ཡོད་པ་རེད། 《2015ལོའི་ཀྲུང་གོའི་དར་མའི་རྡོ་ཐའི་བརྟག་དཔྱད་སྙན་ཞུལས་མངོན་པར། རང་རྒྱལ་ལ་ཐ་མག་འཐེན་མཁན་ཁྱོན་མི་དུང་ཕྱུར་3.16ཡོད་པ་དང་། མི་མང་ཆེ་བས་རང་ཉིད་ལ་གློ་སྐྲན་ཕོག་མི་སྲིད་སྙམ་པའི་བསམ་བློ་འཆང་གི་ཡོད།


    ཐ་མག་གིས་གློ་སྐྲན་ཕོག་སྲིད་ལ། སྙིང་གི་འཕར་ཚད་ལ་ཤུགས་རྐྱེན་ཐེབས་ནས་གློ་བུར་དུ་རྐྱེན་ལམ་དུ་ཤོར་སྲིད།
    དེ་བས་སྐྲག་སྣང་སྐྱེས་དགོས་པ་ཞིག་ནི། ཐ་མག་གིས་སོ་སོ་རང་ཉིད་ལ་གནོད་འཚེ་བཟོ་སྲིད་ལ། དེ་བས་ཀྱང་མི་གཞན་ལ་ཡང་གནོད་འཚེ་བཟོ་སྲིད། དཔེར་ན། ཧྲན་ཏུང་ཅི་ཉིང་དུ་ལོ་8ལ་སླེབས་པའི་བུ་མོ་ཞིག་གཟུགས་པོ་བརྟག་དཔྱད་བྱེད་སྐབས། གློ་སྐྲན་ཕོག་ནས་ཐ་མའི་དུས་ལ་སླེབས་ཡོད་པ་རེད། རྒྱུ་མཚན་ནི་བུ་མོ་དེའི་པཱ་ལགས་ཐ་མག་འཐེན་ནས་ལོ་བཅུ་གྲངས་འགྲོ་ཡི་ཡོད་པ་དང་འབྲེལ་བ་ཡོད། ད་དུང་བུད་མེད་གཅིག་མངལ་འཁོར་བའི་བརྒྱུད་རིམ་ནང་། ཐ་མག་གི་ཞོར་སྐྱོན་ལས་མཐར་ཀླད་རྩ་ཉམས་པའི་ཕྲུ་གུ་ཞིག་སྐྱེས་ཡོད་པ་རེད།

    དྲན་སྐུལ་ཞུ་རྒྱུར། ཁྱེད་རང་གིས་འཐེན་པའི་ཐ་མག་གིས་རང་སོ་སོ་ཙམ་མ་ཟད། མི་གཞན་ལ་ཡང་གནོད་འཚེ་བཟོ་ཡི་ཡོད་པས། རང་གཞན་གཉིས་ཀའི་བདེ་ཐང་ཆེད་ཐ་མག་ཉུང་ཙམ་འཐེན་རོགས་ཞུ་གི་ཡིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章