ཅི་ཞིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཟེར། ཁོངས་སུ་གང་དག་འདུ།

文摘   2024-11-03 07:36   西藏  

ཅི་ཞིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཟེར། དེའི་ཁོངས་སུ་གང་དག་འདུ།


ཁྲིམས་མཐུན་ཁྱོ་ཤུག་གི་རྒྱུ་ནོར་ལམ་ལུགས་ལས་གཏན་འཁེལ་བྱས་པར། ཁྱོ་ཤུག་ཕྱོགས་གཉིས་ཀའམ་ཕྱོགས་གཅིག་ལ་གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་སུ་ཐོབ་པའི་ཁྲིམས་མཐུན་གྱི་ཡོང་འབབ་དེ་ནི་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཡིན། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན་ཁྱོ་ཤུག་གཉིས་གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་སུ་ཐོབ་པའི་གཤམ་གསལ་གྱི་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ཏེ།
གཅིག གླ་ཕོགས། བྱ་དགའི་མ་དངུལ།

གཉིས། ཐོན་སྐྱེད་དང་ལས་གཉེར་གྱི་ཁེ་ཕོགས།

གསུམ། ཤེས་བྱའི་བདག་དབང་གི་ཁེ་ཕན།

བཞི། རྒྱུན་འཛིན་དང་སྤྲད་པ་ལས་ཐོབ་པའི་རྒྱུ་ནོར། ཡིན་ན་ཡང་ཁ་ཆེམས་དང་སྤྲོད་པའི་གན་རྒྱའི་ཁྲོད་ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་ལ་སྤྲད་རྒྱུ་གཏན་འཁེལ་ཁ་གསལ་བྱས་ཡོད་ན་དེ་ལྟར་ཡིན།

ལྔ། གཞན་པའི་ཐུན་མོང་དུ་བཞག་ཆོག་པའི་རྒྱུ་ནོར་བཅས་ཡིན།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章