བསྟན་བཤིག་རྒྱལ་པོ་སྐྱིད་ཟུར་ལགས་ཀྱི་ཤོད་རྒྱུན་འགའ།

文摘   2024-10-30 10:05   西藏  

མགྲོན་ཆེ་བསྟན་པ་དར་རྒྱས།

    ཀ་པ་ལ་ནས་སྤུ་གཅིག་བཏོག ། ཁ་ཡི་ཟུར་དུ་བཙུགས་པ་འདྲ། ། ག་ནས་བལྟས་ཀྱང་འདྲེ་འདྲ་བ། ། ང་ལ་གནོད་པ་མ་སྐྱེལ་ཨང་། ། ”འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་མགྲོན་ཆེ་བསྟན་པ་དར་རྒྱས་ཀྱི་མིང་འདོགས་ལ་ཨ་སོབ་ཟེར་བ་དབང་གྲགས་གསུམ་ལྡན་གྱི་མི་དེའི་ངོ་བོ་ལ་དམིགས་ནས་འཕྱ་དམོད་ཀྱི་ཚུལ་དུ་བྲིས་པ་ཞིག་རེད་ཅེས་ཤོད་སྲོལ་འདུག

རག་ཁ་ཤག་གི་ས་དབང་།

    སྔར་རག་ཁ་ཤག་ལ་ས་དབང་ཞིག་བྱུང་བ་དེའི་སར་སྐྱིད་ཟུར་ལགས་ཕྱིན་པ་རེད། ས་དབང་དེ་ཆོས་ལུགས་བཀའ་བརྒྱུད་པ་ཡིན། བཞུགས་སའི་གཟིམ་ཆུང་དེ་ནི་ཐོག་རྩེག་གི་སྦུག་ལ་སྡིངས་ཆ་མཐོན་པོ་བསླངས་ཏེ་སྦུག་སྦུག་མུན་ནག་ཅིག་ཡོད། ས་དབང་དེ་ནི་བཀའ་མོལ་མང་པོ་རང་མི་གནང་མཁན་ཞིག་རེད། ས་དབང་དེས“ཡ་སྐྱིད་ཟུར་སླེབས་བྱུང་། སྡོད་དང་། དེ་རིང་ང་ལ་རྩོམ་ཞིག་རྒྱག་དགོས”ཞེས་གསུངས། སྐྱིད་ཟུར་གྱིས“སྐུ་ངོ་མི་དབང་ཆེན་པོར་བསྟོད་པ་སྟབས་བདེ་ཞིག་འབུལ་བདེ་པོ་རེད”ཟེར་ནས“གཟིམ་ཆུང་སྦུག་སྦུག་མུན་པ་ནག་པོའི་ནང་། ། བཀའ་བློན་སྦུག་སྦུག་རག་ཁ་ཤག་པ་བཞུགས། ། ཞལ་འདོན་སྦུག་སྦུག་བཛྲ་གུ་རུ་གསུང་། ། ང་ལ་དོན་དག་སྦུག་སྦུག་ཨའུ་ཙམ་ཡོད། །”ཅེས་ཤོ་ལོ་ཀ་དེ་བརྩམས་སོ།

ལུག་མགོ་གཅིག་གིས་ལྟོ་ཐེངས་གཉིས་བཏང་བ།

    “ཀ་ལིའི་ནང་དུ་ཀླད་པ་མེད་པ་ལ། ། ཁ་ཡི་ནང་ལ་ལྕེ་ཞིག་གང་ནས་ཡོང་། ། ག་ཐེར་མིག་གི་དབང་པོ་མི་ཚང་བས། ། ང་ཡི་འཁྲིས་སུ་ཡང་ཡང་མ་ཡོང་ཨང”འདི་ནི་སྐྱིད་ཟུར་ལགས་ལྷ་རྒྱ་རིར་ཡང་ཡང་བཅར་སྟབས་ཕྱག་མཛོད་ཀྱིས་མ་འདོད་པའི་ཚུལ་གྱིས་ལུག་མགོ་གཅིག་གིས་ལྟོ་ཐེངས་གཉིས་བཏང་རྐྱེན་དེར་ཡི་མ་རངས་པས་ཀ་ལིའི་ནང་དུ་ཀླད་པ་མེད་པ་ཞེས་པའི་ཚིག་དེ་ཐོག་ནས་དེ་ལས་ཞིམ་པའི་ལྕེ་དང་། མིག་རིལ། འགྲམ་ཤ་བཅས་བཟས་ཟིན་པ་དེ་བས་ཀྱང་ཤུགས་ཀྱིས་གོ་ཐུབ་པ་ཟུར་བསྟན་ལེབ་མཐོང་གི་འཕྱ་དམོད་ཀྱི་ཚུལ་དུ་བྲིས་པའི་ཤོད་རྒྱུན་འདུག

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章