ཁང་པ་བརྡིབས་པའི་དོན་རྐྱེན་འདི་དང་འབྲེལ་བའི་མི་15ལ་ཁྲིམས་ཆད་ཕོག

文摘   2024-10-20 07:44   西藏  

     སྤྱི་ཚེས་17ཉིན་ཁྲང་ཧྲ་ཡི་བཞི་པའི་ཉི་ཤུ་དགུ་ཉིན་གྱི་གྲོང་མིའི་ཁང་པ་བརྡིབས་པའི་ཆག་སྒོ་ཧ་ཅང་ཚབས་ཆེན་དེའི་ཉེས་དོན་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་གཅོད་དཔྱད་ཁྲ་ཡོངས་བསྒྲགས་བྱས་ཡོད་པ་རེད།


     ཞུ་སྦྱོར་ཕྱི་མ་ཝུའུ་ཀྲེ་ཡུང་གིས་འགན་ཤོར་ཆག་སྒོ་ཚབས་ཆེན་བཟོས་པའི་ཉེས་པ་བསགས་པ་དང་། དོན་མེད་ཟིང་སློང་གི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུ་དང་།


     ཞུ་སྦྱོར་ཕྱི་མ་ཞུང་ཐན་ཁའི་དང་། རེན་ལོ་ཧྲེང་། ཞུའེ་ཞན་ཙུང་བཅས་ནས་འགན་ཤོར་ཆག་སྒོ་ཚབས་ཆེན་བཟོས་པའི་ཉེས་པ་བསགས་པར་ཁག་སོ་སོར་ལོ་དྲུག་དང་ཟླ་བ་དྲུག་ནས་ལོ་དྲུག་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ།


     དཔང་ཡིག་རྫུན་མ་མཁོ་འདོན་བྱས་པའི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་ཞུ་སྦྱོར་ཕྱི་མ་ཧུའུ་ནན་ཤང་ཏཱ་ལས་གྲྭ་ཞིབ་དཔྱད་ཚད་ལེན་ཚད་ཡོད་ཀུང་སིར་དངུལ་ཆད་སྒོར་ཁྲི་བརྒྱ་གཅོད་རྒྱུ་དང་། ཐན་ཧྭ་སོགས་ཞུ་སྦྱོར་ཕྱི་མ་མི་དྲུག་ལ་ཁག་སོ་སོར་ལོ་བཞི་དང་ཟླ་བ་དགུ་ནས་ལོ་གཉིས་དང་ཟླ་བ་དགུའི་བར་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་། ཚང་མར་དངུལ་ཆད་གཅོད་རྒྱུ། ཚེ་གང་རིང་ལས་ཀ་དེ་བྱས་མི་ཆོག་པ་བཅས་ཀྱི་ཁྲིམས་ཐག་བཅད་པ།


     ཞུ་སྦྱོར་ཕྱི་མ་ཀྲོའུ་ཀྲེང་མའོ་ཡིས་འགན་འཁྲིར་ལྷོད་གཡེངས་བཏང་བའི་ཉེས་པ་བསགས་པ་དང་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུ་དང་། ཆབས་ཅིག་དངུལ་ཆད་གཅོད་རྒྱུ།


     ཞུ་སྦྱོར་ཕྱི་མ་ལེང་ཅིང་ཁོའོ་སོགས་མི་བཞི་ཡིས་འགན་འཁྲིར་ལྷོད་གཡེངས་བཏང་བའི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་ཁག་སོ་སོར་ལོ་ལྔ་དང་ཟླ་བ་དྲུག་ནས་ལོ་གསུམ་དང་ཟླ་བ་དགུའི་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།



     དེ་ཡང་སྤྱི་ལོ་2022ལོའི་ཟླ་4ཚེས་29ཉིན། ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲེང་ཆུས་ཀྱི་གྲོང་མིའི་རང་སྐྲུན་ཁང་པ་ཞིག་བརྡིབས་པའི་དོན་རྐྱེན་ཐོན་པ་རེད། རང་ཉིད་སྒེར་གྱི་བསྐྲུན་པའི་ཁང་པ་དེ་ནི་ཆུས་དེའི་གྲོང་མི་ཝུའུ་ཀྲེ་ཡུང་ཁྱིམ་གྱི་ཁང་པ་ཡིན་པ་དང་། ཁང་པ་དེ་ཁྲིམས་འགལ་སྒྲིག་འགལ་གྱི་ཐོག་ནས་འཛུགས་སྐྲུན་དང་རྒྱ་བསྐྱེད་བཏང་བ་ཞིག་ཡིན་པ་སོགས་ཀྱིས་རྐྱེན་པས་བརྡིབས་པ་ཞིག་ཡིན་ཞིང་། ཁང་པ་བརྡིབས་པའི་དོན་རྐྱེན་དེའི་ནང་མི་54གྲོངས་པ་དང་། མི་9ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章