ཟླ་༡༠ཚེས་༡༣ཉིན། བོད་ཀྱི་ཨར་སྐྲུན་བྱེད་ཡུལ་ཞིག་ཏུ་མཐོང་བ་ཙམ་གྱི་ཞེད་དགོས་པའི་གནས་ཚུལ་ཞིག་ཐོན་པ་སྟེ། ལས་མི་ཞིག་ལས་ཀ་བྱེད་སྐབས་གློ་བུར་སྟེང་ནས་འོག་ལ་ལྷུང་ནས་རིང་ཚད་ཧའོ་སྨི་༢༨ཡོད་པའི་ལྕག་ཧྲེང་སྒལ་པ་ནས་འཛུལ་ཏེ་བྲང་ཁོག་ལ་ཟུག་པས་རྩིབ་མ་དང་། གློ་བ། ཁྲག་རྩ་བཅས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་འཆི་སྲོག་ལ་ཐུག་པའི་གནས་སུ་གྱར་བ་རེད།
10月13日
西藏某工地发生惊险一幕
一位民工兄弟在作业时遭遇意外
不慎从高处坠落
被一根直径28毫米的螺纹钢筋
从后背贯穿至前胸
导致其肋骨、肺脏及大血管遭受重创
生命危在旦夕
དོན་རྐྱེན་དེ་ལྷག་རྗེས། ལས་རོགས་ཚོས་ནད་པ་འཕྲལ་དུ་བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་བསྐྱལ་བ་དང་། སྨན་ཁང་གིས་སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་དེ་དམ་འཛིན་བྱས་ཏེ་སྨན་བཅོས་ཧུར་ཐག་བྱས་པ་རེད།
བྲང་ཁོག་ཚན་ཁག་གི་ཀྲུའུ་རེན་ཚེ་རིང་ཡོན་ཏན་གྱིས་ཚན་ཁག་དེའི་སྨན་པ་ཁྲིད་དེ་མྱུར་སྐྱོབ་ཚན་ཁག་དང་། ཚོར་སྦྲིད་ཚན་ཁག ཚོད་བཤེར་ཚན་ཁག ཁྲག་བླུགས་ཚན་ཁག་སོགས་ཚན་ཁག་མང་པོ་མཉམ་དུ་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་གཤགས་བཅོས་བྱས་པ་རེད།
事故发生后
工友们迅速将患者送往西藏军区总医院
医院立即启动了绿色通道
为患者争取宝贵的救治时间
胸科主任次仁云丹带
领团队迅速响应
联合急诊科、麻醉科
检验科、输血科等多个科室
展开了一场紧张有序
争分夺秒的急诊手术
ཆུ་ཚོད་དྲུག་ལྷག་ཙམ་མྱུར་སྐྱོབ་ཧུར་ཐག་བྱས་པ་བརྒྱུད། གཤགས་བཅོས་ཚོགས་པ་དེས་ནད་པའི་བྲང་ཁོག་གཡས་ངོས་ལ་ཟུག་པའི་ལྕག་ཧྲེང་མར་བཏོན་པ་དང་འབྲེལ། རྨས་སྐྱོན་ཕོག་པའི་གློ་བ་དང་། རྩིབ་མ། ཁྲག་རྩ་བཅས་ལ་སྨན་བཅོས་གཟབ་ནན་བྱས་པས་ནད་པའི་སྲོག་སྐྱབས་ཐུབ་ཡོད།
经过近6个小时的奋力抢救
手术团队成功将贯穿在
患者右侧胸腔的螺纹钢筋取出
并对破损的肺、破碎的肋骨
和损伤的血管进行了精细的修补
患者最终成功转危为安
གཤགས་བཅོས་ཚར་ནས་ནད་པ་དྲན་པ་གསོས་རྗེས། བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དང་བྲང་ཁོག་ཚན་ཁག་གི་སྨན་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། སེམས་འགུལ་ཆེན་པོས་ཁྱེད་ཚོས་ང་འཆི་བདག་གི་ཁ་ནས་སྐྱབས་སོང་། ཐུགས་རྗེ་ཆེ་ཞེས་བརྗོད་པ་རེད།
术后,患者清醒过来
对西藏军区总医院及胸科医护人员
表达了深深的感激之情
他感慨地说:
“这次多亏了西藏军区总医院,
我算是捡回了一条命,
谢谢你们!”
来源 | 西藏日报
译文 | 阳光西藏