ལོ་གཅིག་གི་མཚན་བརྒྱ་ཕྱག་གསུམ་གྱི་གྲངས།
༢༠༢༤-༡༡-༢༣
འདི་བཏོན་རྣམས་ཀྱིས་དགའ་བ་སྒོམས།
གཞན་པས་རྗེས་སུ་ཡི་རང་བྱོས།།
ཉི་མ་རེ་ལ་འོད་མཚན་ཚར་བརྒྱ་དང་ཕྱག་གསུམ་ཁས་ལེན་བྱེད་མཁན་གྱི་མི་གྲངས་ས་ཡ་གཉིས་དང་འབུམ་གསུམ་སྟོང་བརྒྱད། དྲུག་བརྒྱ་ཉེར་བདུན་འདུག
དེ་ཐམས་ཅད་ཀྱིས་ཁས་ལེན་བྱས་པ་ནང་བཞིན་དགེ་རྩ་དེ་སྒྲུབ་བཞིན་ཡོད་ན་ཉི་མ་རེ་ལ་འོད་མཚན་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་དགུ་འབུམ་གསུམ་ཁྲི་གསུམ་སྟོང་གཅིག་བདུན་བརྒྱ་བཅུ་དྲུག་དངོས་སུ་བཏོན་བཞིན་ཡོད།
ཉི་མ་རེ་ལ་ཕྱག་ས་ཡ་དྲུག་དང་འབུམ་དགུ་ཁྲི་གཉིས་སྟོང་ལྔ་བརྒྱད་བརྒྱ་བརྒྱད་ཅུ་གྱ་གཅིག་དངོས་སུ་འཚལ་བཞིན་ཡོད།
ལོ་གཅིག་ལ་འོད་མཚན་དུང་ཕྱུར་སྟོང་ཕྲག་གཅིག་དང་བརྒྱ་དང་བདུན་ཅུ་དོན་ལྔ་དང་། བྱེ་བ་གཅིག ས་ཡ་གཉིས།འབུམ་ལྔ། ཁྲི་གསུམ། སྟོང་གཉིས། བརྒྱད་བརྒྱ་བཏོན་ཡོད།
ལོ་གཅིག་ལ་ཕྱག་དུང་ཕྱུར་ཉེར་བཞི་དང་བྱེ་བ་དགུ། ས་ཡ་གསུམ། འབུམ་གསུམ། ཁྲི་གཅིག སྟོང་བདུན། བརྒྱ་དང་དྲུག་ཅུ་འཚལ་ཡོད།
ཆེད་ཞུ།
ད་དུང་མུ་མཐུད་དུ་མཚན་བརྒྱ་ཕྱག་གསུམ་འདི་དགེ་སྐུལ་བྱ་རྒྱུ་ཡིན་པས་ཁས་ལེན་གནང་མཁན་ཡོད་ན་དངོས་སམ་བརྒྱུད་པས་ང་རང་མི་སྒེར་ལ་གསུངས་དང་ཁས་ལེན་གྱི་གྲངས་སུ་འཇོག་ཆོག
སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། ། སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །མི་ཕམ་པས་སོ། །
རིག་དར་ནས་༢༠༢༤-༡༡-༢༣བོད་ཤིང་འབྲུག་ལོའི་ཟླ་༩ཚེས་༢༣ལའོ། །