རྒྱལ་སྤྱིའི་དཀར་ཟས་ཉི་མ།
དུས་ཆེན་འདི་ནི་ཐོག་མར་སྤྱི་ལོ1986ལོར་ཧིན་རྡུ་ནས་བྱུང་བ་ཡིན་ལ། ལོ་ལྟར་ཟླ11པའི་ཚེས25ཉིན་ནི་འཛམ་གླིང་དཀར་ཟས་ཉིན་མོ་ཡིན་པ་དང་། ཉིན་མོ་འདིའི་མིང་ལ་དབྱིན་ཡིག་གིསMeatlessDayཞེས་འབོད་ཅིང་། མིང་གཞན་ལ་འཛམ་གླིང་དཀར་ཟས་ཉིན་མོ་དང་རྒྱལ་སྤྱིའི་དཀར་ཟས་དུས་ཆེན། དམར་ཟས་ཉུང་དུ་སྤྱོད་པའི་ཉིན་མོ་སོགས་ཟེར།
国际素食日
(或国际素食节),是一个自1986年开始来源于印度的一个节日;原称“世界无肉日”。定于每年的11月25日!渐渐发展为一个世界性节日。这一天世界各地许多屠房停宰、饭堂医院监狱等会供应全素食品。当年就有超过950万人响应该运动。
2024 ལོའི་དབྱར་ཁར་ཧྥ་རན་སིའི་རྒྱལ་ས་ནས་བསྡུས་པའི་ཨོ་རྩལ་འགྲན་ཚོགས་སྟེང་གི་ཟས་སྣ་བརྒྱ་ཆ་60%. དཀར་ཟས་བྱས་ཡོད་ལ། འདིས་དཀར་ཟས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་རེ་བ་དང་མདུན་ལྗོངས་བསྟན་ཡོད།
2024 ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཉི་ཧོང་གི་རྩོམ་པ་པོ་ཧན་ཅང་གིས་བརྩམས་པའི(དཀར་ཟས་པ)ཞེེས་པའི་གྲགས་དེབ་ལ་ཐོབ། རྩོམ་པ་པོ་རང་ཡང་ལྟོས་བཅས་ཀྱིས་དཀར་ཟས་པ་རེད་འདུག།
འདིས་དཀར་ཟས་ནི་ཆོས་ལུགས་པ་རེ་འགའི་བྱ་སྤྱོད་ཙམ་དང་། ཚོགས་སྡེ་དམིགས་བསལ་བ་རེའི་ཁ་ཕྱོགས་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་མ་འོངས་པའི་ཁ་ཕྱོགས་དང་རྒྱལ་སྤྱིས་ཆེས་མཐོའི་གདེང་འཇོག་གི་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པ་མཚོན་ཡོད།
རྒྱལ་སྤྱིའི་དཀར་ཟས་ཉི་མའི་ངོ་སྤྲོད།
རྒྱལ་སྤྱིའི་དཀར་ཟས་ཉི་མ་ལ་ཕུལ་བའི་དངོས་ཟིན་གློག་བརྙན།
སྲོག་བླུ་ངོ་མ་ནི་དཀར་ཟས་ཟ་རྒྱུ་དེ་ཡིན།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
དཀར་ཟས་བསྟེན་ཐུབ་མི་ཐུབ་ཤོད།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
དཀར་ཟས་ངེས་པར་དུ་བསྟེན་དགོས།
རྒྱལ་དབང་ཀརྨ་པ།
སའི་གོ་ལའི་སྤྱི་དམངས།
བོད་སྐད།
སྲོག་གཅོད་པ་སྤངས་བ་ནི་སྙིང་རྗེ་ཆེན་པོའི་ཀུན་སློང་ཡིན།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
གཞན་ཡང་སྲོག་གཅོད་པ་སྤངས་པ་ནི་སྙིང་རྗེ་ཆེན་པོའི་ཀུན་སློང་ཅན་ཡིན་ལ། སྙིང་རྗེ་ཆེན་པོ་འདི་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པའི་ས་བོན་ལྟ་བུ་ཡིན་ཏེ། སྙིང་རྗེ་འདི་ཡོད་པའི་དབང་གིས་སེམས་ཅན་ཉམ་ཐག་པ་རྣམས་ལ་སྦྱིན་པ་བྱིན་པ་དང༌། གཞན་ལ་གནོད་པ་ལས་ལྡོག་པ་སོགས་ཚུལ་ཁྲིམས་སྲུང་བར་བྱེད་པ་དང༌། སེམས་ཅན་གྱི་དོན་དུ་ཆོས་ཕྱིར་དཀའ་སྤྱད་དང༌། སེམས་ཅན་གཞན་གྱིས་ཚུར་གནོད་པ་བྱས་ཀྱང་བཟོད་པར་བྱེད་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་དབྱར་དུས་ཀྱི་རྩི་ཤིང་བཞིན་དུ་རྒྱས་པར་འགྱུར་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོས་སེམས་ཅན་གྱི་སྲོག་སྲུང་བ་འདི་ནི་སྐྱེ་བོ་ཐམས་ཅད་སྐྱོབ་པར་བྱེད་པའི་སྐྱབས་དམ་པའང་ཡིན་ཏེ། དེ་འདྲའི་སྙིང་རྗེ་ཅན་གྱི་མིས་རང་གིས་སེམས་ཅན་གྱི་སྲོག་མི་གཅོད་པར་མ་ཟད་གཞན་གྱིས་ཀྱང་མི་གཅོད་པའི་ཐབས་བྱས་ཏེ། སེམས་ཅན་བགྲང་གིས་མི་ལང་བ་ཞིག་སྲོག་གི་འཇིགས་པ་ལས་ཐར་བར་གྱུར་པ་དང༌། སྲོག་གཅོད་པར་བྱེད་པའི་མི་རྣམས་ལ་སྲོག་མི་གཅོད་པའི་ཐབས་བྱས་པས་དེ་རྣམས་ཀྱང་ངན་སོང་དུ་ལྟུང་བ་ལས་བསྐྱབས་པའི་ཕྱིར་རོ། །སྲོག་མི་གཅོད་པར་བྱེད་པའི་སྙིང་རྗེ་དེ་ནི། འཁོར་བའི་གནས་སུ་གཅིག་གིས་གཅིག་བསད་དེ་ཟ་ཞིང་དེ་མི་རུང་བ་དང་མི་འོས་པ་ཡིན་པ་ཙམ་ཡང་མི་ཤེས་པའི་མ་རིག་པའི་མུན་ནག་ཀུན་ཏུ་འཁྲིགས་པའི་ཀློང་ན། ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ཏེ། འདིས་གཞན་གྱི་སྲོག་ལ་མི་འཚེ་བའི་བླང་དོར་གྱི་གནས་གསལ་བར་བསྟན་ཏེ་ཡང་དག་པའི་ལམ་དུ་འཁྲིད་པར་བྱེད་པའི་ཕྱིར་ཏེ། དེ་ཉིད་ལས། སྙིང་རྗེ་ཆེན་པོ་འདི་ནི་དམ་པའི་ཆོས་ཀྱི་ས་བོན་དུ་གྱུར་པ། འཁོར་བའི་སྐྱབས་སུ་གྱུར་པ། འཁོར་བའི་མུན་གནག་ཏུ་ཞུགས་པ་རྣམས་ཀྱི་སྒྲོན་མར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
སྲོག་གཅོད་པ་སྤང་བར་བྱས་པའི་གང་ཟག་གི་རྒྱུད་ལ་བྱམས་དང་སྙིང་རྗེ་གོང་ནས་གོང་དུ་འཕེལ་བ་སོགས་ཡོན་ཏན་གཞན་པའང་དུ་མ་འབྱུང་སྟེ། དེ་ཉིད་ལས། སྲོག་གཅོད་པ་སྤངས་པ་བྱམས་པ་བསྒོམ་པར་འགྱུར་ཞིང༌། སྙིང་རྗེ་རྒྱུད་ལ་གནས་པ་ཡིན་ཏེ། བསམས་ནས་སྲོག་གཅོད་པ་སྤངས་ན་གཙང་ཞིང་དགའ་བར་འགྱུར། གང་གི་ཚེ་ཕ་རོལ་ཡང་དག་པར་བསྲུང་བར་མ་ནུས་པ་དེའི་ཚེ་བཏང་སྙོམས་སུ་འགྱུར་ཞིང༌། དེ་ཚངས་པའི་གནས་བཞི་ལ་གནས་པའི་རྒྱུད་དུ་འགྱུར། ཞེས་གསུངས་པའི་ཕྱིར་རོ།།
སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་ནི་ཤིན་ཏུ་རྒྱ་ཆེ་བས་བསམ་པའི་ཡུལ་ལས་འདས་ཤིང༌། དཔེར་ན། གསེར་མགར་གྱིས་གསེར་གྱི་གར་བུ་དེ་རྒྱན་ཆ་དང་སྐུ་གཟུགས་སོགས་ཇི་ལྟར་འདོད་པ་བཞིན་དུ་མགར་བར་བྱེད་པ་དང་མཚུངས་པར་སྲོག་གཅོད་སྤངས་པའི་དགེ་རྩ་དེའང་རང་གི་ཇི་ལྟར་འདོད་པ་བཞིན་དུ་བསྔོ་བར་བྱས་ན། དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་ཏེ། དེ་ཉིད་ལས། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བའི་སྙིང་པོ་ནི་བསམ་གྱིས་མི་ཁྱབ་པ་སྟེ། རྣམ་པ་གང་དང་གང་གིས་ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོ་བ་དེ་ལྟ་དེ་ལྟར་ཡོངས་སུ་འགྲུབ་བོ། །དཔེར་ན། གསེར་མགར་མཁས་པ་དེ་ནི་གསེར་བཟང་པོ་བླངས་ནས། ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་གསེར་དེ་ལ་བྱེད་དེ། དེ་ལས་རྒྱན་ནམ། དེ་ལས་བུམ་པའམ། དེ་ལས་མིའི་གཟུགས་སམ། དེ་ལས་སངས་རྒྱས་ཀྱི་གཟུགས་བྱེད་དོ།།
དེ་བཞིན་དུ་སྲོག་གཅོད་པ་ཡང་དག་པར་བསྲུངས་ཏེ། མ་ཉམས་ཤིང་མ་རལ་ལ། མ་ཞིག་ན་ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོ་བ་དེ་ལྟ་དེ་ལྟར་ཡོངས་སུ་འགྲུབ་བོ། །ཞེས་དང༌། གཞན་ཡང་ལས་རྣམ་པ་གསུམ་མཆོག་ཏུ་ཕལ་ཆེ་བས་ལེགས་པར་བྱས་པའི་ལས་ཀྱིས་འཕངས་པ་ངེས་པར་འདོད་པའི་རྣམ་པར་སྨིན་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕངས་པར་གྱུར་པའམ། སེམས་ཅན་རྣམས་ལའང་མི་འཇིགས་པའི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དག་གིས་འཕངས་པར་འགྱུར་པའམ། གཞན་ཡང་དེ་དག་དང་རྗེས་སུ་མཐུན་པར་གྱུར་པ་རྣམས་ཀྱང་རུང་སྟེ། རྣམ་པ་འདི་ལྟ་བུ་དག་གིས་ལེགས་པར་བྱས་པ་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱིས་བསྒོམས་པར་གྱུར་པའི་ཡིད་རབ་ཏུ་དང་བའི་འཕངས་པར་གྱུར་པས་སམ། ཞེས་སོགས་གསུངས་པའི་མཇུག་ཏུ། མཆོག་ཏུ་དགའ་བར་གྱུར་པ་མྱ་ངན་ལས་འདས་པ་མཐར་ཐུག་པར་བྱེད་པའི་ལས་དེ་དག་རྣམས་ནི། ཇི་ལྟར་བསྔོས་པའི་འབྲས་བུ་རྣམས་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་བྱང་ཆུབ་ཀྱི་བར་དུའང་འགྱུར་ན་ལྷའི་སྐྱེ་གནས་རྣམས་སུ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པའི་ཕྱིར་རོ། །
གཞན་ཡང་སྲོག་གཅོད་པ་སྤངས་པའི་བསོད་ནམས་ཀྱིས་མྱུར་དུ་ཐར་བ་འཐོབ་པར་འགྱུར་བ་དང༌། དགེ་བའི་བཤེས་གཉེན་ཡང་དག་པ་རྣམས་དང་འཕྲད་ཅིང་ལེགས་པར་སྟེན་པར་བྱེད་པ་དང༌། རང་གིས་སྲོག་གཅོད་པ་སྤངས་པས་ངན་སོང་དུ་ལྟུང་བ་ལས་ལྡོག་པའི་ཕན་ཡོན་འདི་རྣམས་འཐོབ་པས་བདག་ལ་ཕན་པར་བྱས་པ་དང༌། གཞན་གྱི་སྲོག་བསྐྱབས་པས་སེམས་ཅན་བདེ་བ་ལ་རེག་པར་བྱས་པས་གཞན་ལ་ཕན་བཏགས་པས་རང་གཞན་གཉིས་ཀ་ལ་ཕན་པར་བྱེད་པའི་སྐལ་བ་དང་ལྡན་ཞིང༌། ངན་སོང་གི་སེམས་ཅན་རྣམས་ཀྱིས་བསོད་ནམས་གསོག་པའི་ཞིང་དུ་འགྱུར་བ་དང༌། ཆོས་ལྡན་གྱི་བསམ་པ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་བ་དང༌། སེམས་ལྡན་དང་སེམས་མེད་ཀྱི་འཇིགས་པ་ཐམས་ཅད་ཀྱིས་མི་ཚུགས་པ་དང༌། འགྲན་ཟླ་གཞན་གྱིས་ཟིལ་གྱིས་མི་ནོན་པར་འགྱུར་ཏེ། སྔ་མའི་འཕྲོས་སུ། དེ་ལྟ་བས་ན་སྲོག་གཅོད་པ་སྤངས་པའི་སེམས་ཅན་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་དང་ཉེ་བར་གནས་ཤིང༌། དེ་དགེ་བའི་བཤེས་གཉེན་དང་ཡང་དག་པར་སྤྱོད། སེམས་ཅན་དེ་བདག་དང་གཞན་ལ་ཕན་པའི་སྐལ་བ་དང་ལྡན་ཞིང༌། དེ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་རྣམས་ཀྱི་འགྲོ་བ་ལ་བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཡིན། དེའི་འཁོར་བ་ན་ཆོས་དང་ལྡན་པའི་ཆོས་ཀྱི་རྗེས་སུ་འཇུག་པ། ཆོས་དང་ལྡན་པའི་ཀུན་ཏུ་རྟོག་པ་རྣམས་འགྲུབ་པར་འགྱུར་ཞིང༌། གྲུབ་པ་ཡང་བརྟེན་པར་འགྱུར་ལ། རྒྱལ་པོ་དང༌། ཆོམ་རྐུན་དང༌། ཆུ་དང༌། མེས་འཇིགས་པ་དང༌། ཐུན་མོང་མ་ཡིན་པར་འགྱུར་ཏེ། བདག་ཉིད་ཉེ་བར་སྤྱོད་པར་འགྱུར་རོ། །ཆོས་དང་ལྡན་པའི་འགྲན་ཟླ་གཞན་དག་གིས་མི་ནོན་པར་མཐོང་སྟེ། དེ་ལྟ་བས་ན་སྲོག་གཅོད་པ་སྤང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
མཁན་ཆེན་མཆོག་གིས་བརྩམས་པའི་སྲོག་གཅོད་སྤངས་བ་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཕན་ཡོན་བརྗོད་པ་བྱམས་པའི་དཔལ་སྟེར་ཞེས་བྱ་བའི་རྩོམ་ལས་ཁོལ་དུ་ཕྱུང་བའོ།།
མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རྒྱལ་སྤྱིའི་དཀར་ཟས་ཉིན་མོར་གནང་བའི་བཀའ་སློབ།
རབ་བྱུང་དང་རྣམ་གསུམ་དག་པའི་ཤའི་སྐོར་གྱི་བཀའ་སློབ་གལ་ཆེན།
བྱམས་བརྩེ་དང་འགལ་བའི་ཁ་ཟས།
གཤིན་ཆོས་ཤ་ཁྲག་དང་མ་འབྲེལ་བ་ཞིག་བྱེད་དགོས།
ཨ་ལག་ཤར་གདོང་ཚང་གིས་གསུང་།
བོད་ཀྱི་ཤ་མེད་ཉི་མ་ནམ་ཡིན།
སྐྱབས་རྗེ་པདྨ་སྐལ་བཟང་གིས་ཤ་ཁྲག་གི་ཉེས་དམིགས་རྒྱ་ཆེར་གསུང་པ།
མཛེས་མའི་དཀར་ཟས་ཀྱི་གཉེན་སྟོན།
སྔོན་བྱོན་དམ་པ་ཚོས་ཤ་ཁྲག་སྐོར་ལ་གསུང་བའི་བསླབ་བྱ།
明星素食
གྲགས་སྐར་དང་དཀར་ཟས།
不是每个人都向往波澜和激情,大家都有属于自己的生活方式,只要自己喜欢就好。
说起素食生活,就是一种非常简单的生活方式,但是每个吃素的人都是有原因的,理解不同,对于素食的认知也有不同的解释和说法。
01
谈起素食明星,刘德华吃素的原因令人意外,他是为了妻子和孩子。
刘德华曾经在访谈节目《鲁豫有约》中与鲁豫一起吃饭,当时的地点选择了一家香港的素食店,出于好奇,鲁豫就询问了这个话题。
刘德华表示自己坚持6年吃素,说出的原因让人好笑又感动。
妻子朱丽倩是一个素食主义者,已经坚持了15年时间,女儿自打母胎就开始吃素,出生后由母亲带着,至今也不沾荤腥。
用刘德华自己的话说,就是因为老婆吃素,女儿吃素,自己吃肉就很奇怪,
而且如果他自己吃肉的话首先做饭就不方便,每次都是做两份,为了融入他们,自己也做了素食主义者。
不得不说,华仔实在太爱自己的家人。
要知道,长年吃荤的人突然中断改吃素食,有多难忍,可见他付出了努力,就连女儿满月酒也全都是全素食。
自从女儿出生后,刘德华就把更多的时间留给了家人,并且推掉了很多商业活动,尽可能地陪伴女儿所有重要时刻,就像一个普通父亲。
只要人在香港,刘德华早上都会准时送女儿上学,一直看着她安全进入教室才放心。
更让人羡慕的是,他为女儿选择的学校不用考试,不用感受考试的压力,
这所学校是香港有名的维多利亚幼儿园,非常难进,据说杨幂和刘恺威的女儿小糯米也就读其中。
刘德华给了女儿最好的成长环境,他还表示当上父亲之后,比起演员,现在更像做个好爸爸,
对于刘德华爱女的态度,很多网友表示甚至超过了妻子朱丽倩,两夫妻相濡以沫22年,都是彼此间最重要的人,
不过刘德华自己也说过:“朱丽倩一定是,比我更爱我”。无论怎么样,希望刘德华全家一直幸福下去。
02
除刘德华外,还有很多明星是素食主义者。我们一起来看看这些花样百出的素食理由。
男神钟汉良最开始吃素是因为肠胃不好,吃素容易消化,不过最主要的原因还是想到动物被宰杀的过程让人难以接受。
而天后王菲是因为信佛,年轻时烟酒不离身,后来信佛后戒掉不好的习惯吃素,2011年还评为“亚洲最性感素食女星”。
吕颂贤是在拍《笑傲江湖》的时候开始吃素的。他开始吃素是为了身体健康,但后来接触到佛法,从中获得了智慧,慢慢的已经不再忍心杀害其它的生命,来满足自已的口福之欲了,更是坚定了吃素的信念。
方大同是一个特别的素食者,他是个胎里素。从未吃过肉的他,也从没去想过吃肉,对肉类也不好奇。
对于方大同而言,素食是他的习惯和钟爱的口味。谈及吃素对他人生的影响,他说,不认为有直接的关系,毕竟他无从比较吃素前后的分别,但是他觉得,素食饮食习惯陶冶了他温和的性情和鉴定的意志力。
“天籁美声”歌手齐豫为唱佛歌吃素,早期她先吃锅边素,正式录音前三个月则吃全素,后来慢慢培养吃全素习惯。
为了唱佛歌,她要先把身体清干净了,好让声音更“正”。齐豫吃素是因为宗教,但很多人吃素是为了环保
她说:“我本来也不懂吃素和环保有什么关系,后来看了一些书才明白,依食物链自然法则,人类原本不是肉食而是杂食动物。如果凭靠猎食,以人类的能力,是不可能天天都吃肉的;但因人类的聪明,开始畜养动物,于是就天天都吃得到肉。”
张学友吃素吃上瘾,对山珍海味毫不垂涎,打算长期茹素让身体继续环保。张学友很有成就感的告诉人家吃素的好处,比如,流汗不会臭、精神好、皮肤也变好了。
作为台湾地区的玉女掌门,她的歌曾经传遍大街小巷,成为了一代人的共同记忆。因为小狗罹患犬瘟热,孟庭苇8年前就发愿吃素了。她说:愈吃素愈美丽,生活愈简单、愈朴素,反而愈快乐。
吃素的明星还有很多很多,比如著名主持人王冠、陈坤、曾黎等等,限于版面,我们不能一一列出,还是一起来听听他们的心声吧!